六五环境日倡议书
2026年六五环境日主题“全面绿色转型,共建美丽中国”。生态环境是我们赖以生存的根基,保护生态环境就是保护我们自己的未来。在此,山南市生态环境局贡嘎县分局
向辖区居民群众发出如下倡议:
一、积极参与,做生态文明的传播者。及时了解生态环境政策法规和信息,学习掌握环境污染治理、生物多样性保护、应对气候变化等方面科学知识和技能,提升自身生态文明素养,牢固树立生态价值观。积极传播生态文明理念,争做生态环境志愿者,从身边做起,从日常做起,影响带动更多人参加生态环境保护实践。
二、主动作为,做环境保护的实践者。从日常生活的点滴做起,自觉践行绿色生活方式。节约资源,节约用水、用电、用纸,合理使用能源和资源,杜绝浪费;绿色出行,尽量选择步行、骑自行车或乘坐公共交通工具,减少私家车使用,降低能源消耗和污染物排放;减少使用一次性用品,如一次性筷子、一次性塑料袋等,自带生态环保餐具、购物袋等;做好垃圾分类,将垃圾按照可回收物、有害垃圾、厨余垃圾和其他垃圾进行分类投放,提高资源利用率,减少环境污染;爱护花草树木和野生动物,不破坏生态植被,不伤害野生动物,与自然和谐相处。
三、从我做起,做美丽中国的监督者。要以主人翁的姿态,时刻关注身边的环境问题,发现违法排污、秸秆焚烧非法倾倒固废等行为,及时拨打12345热线,向有关部门举报,共同织密生态环境监管网络。
四、承担社会责任,做生态保护的行动者。企业要严格遵守生态环境法律法规,履行生态环境社会责任,加大生态环境投入,加强污染治理,推行清洁生产,发展循环经济,走绿色发展之路。每一个人都要在工作和生活中,积极传播生态环境正能量,带动更多的人参与到环境保护中来,形成全社会共同参与、共同推动环境保护的强大合力。
生态兴则文明兴,让我们积极行动起来,从现在做起,从身边小事做起,用实际行动践行绿色生活,为建设人与自然和谐共生的现代化贡献自己的一份力量!
དྲུག་ལྔ་ཁོར་ཡུག་ཉིན་མོའི་གྲོས་འདོན་ཡི་གེ
2026ལོའི་དྲུག་ལྔ་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོ་ནི"ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་དུ་སྐྲུན"ཞེས་པ་དེ་རེད། སྐྱེ་ཁམས་ཁོར་ཡུག་ནི་ང་ཚོ་འཚོ་གནས་བྱེད་པའི་རྨང་གཞི་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོ་རང་ཉིད་ཀྱི་འབྱུང་འགྱུར་སྲུང་སྐྱོང་བྱེད་པ་དང་གཅིག་མཚུངས་ཡིན། དེར་བརྟེན་ལྷོ་ཁ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུད་གོང་དཀར་རྫོང་ཡན་ལག་ཅུད་ཀྱིས་ཁོངས་གཏོགས་ཁུལ་གྱི་གྲོང་མི་མང་ཚོགས་ལ་ གཤམ་གསལ་གྱི་གྲོས་འགོ་འདོན་རྒྱུ་སྟེ།
གཅིག ཧུར་བརྩོན་གྱིས་སྐྱེ་ཁམས་དཔལ་ཡོན་ཁྱབ་སྤེལ་གཏོང་མཁན་ཞིག་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གི་སྲིད་ཇུས་ཁྲིམས་སྲོལ་དང་ཆ་འཕྲིན་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ་དང་། ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་ཚན་རིག་ཤེས་བྱ་དང་རྩལ་ནུས་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱེད་པ། རང་ངོས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་བྱང་ཚད་མཐོ་རུ་གཏོང་བ། སྐྱེ་ཁམས་རིན་ཐང་ལྟ་བ་བརྟན་པོ་འཛུགས་པ་བཅས་བྱེད་དགོས། སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཁྱབ་སྤེལ་ཧུར་ཐག་བཏང་ནས་སྐྱེ་ཁམས་ཁོར་ཡུག་གི་དང་བླངས་པ་ཞིག་བྱས་ཏེ་ཉེ་འགྲམ་དང་རྒྱུན་གཏན་ནས་འགོ་བཙུགས་ཏེ་མི་དེ་བས་མང་བ་སྐྱེ་ཁམས་ཁོར་ཡུག་ སྲུང་སྐྱོང་གི་ལག་ལེན་ནང་ཞུགས་རྒྱུར་ཤུགས་རྐྱེན་ཐེབས་པ་དང་སྐུལ་ཁྲིད་བྱེད་དགོས།
གཉིས། རང་འགུལ་ངང་ཁོར་ཡུག་སྲུང་སྐྱོང་གི་ལག་ལེན་པ་ཞིག་བྱེད་དགོས། རྒྱུན་གཏན་འཚོ་བའི་ཁྲོད་ནས་འགོ་བཙུགས་ཏེ་གནོན་མེད་གི་འཚོ་བ་སྐྱེལ་སྟངས་རང་རྟོགས་ངང་ལག་ལེན་བསྟར་དགོས། ཐོན་ཁུངས་གྲོན་ཆུང་དང་། ཆུ་དང་གློགཤོག་བུ་བཅས་སྤྱོད་རྒྱུར་གྲོན་ཆུང་། ནུས་ཁུངས་དང་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱས་ཏེ་ཆུད་ཟོས་སུ་གཏོང་རིགས་གཏན་འགོག་བྱ་དགོས། གནོད་མེད་ཕྱིར་སྐྱོད་ཐད་རྐང་ཐང་དུ་སྐྱོད་པ་དང་། རྐང་འཁོར་བཞོན་པའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་སྡོད་པ་དང་སྒེར་འཁོར་སྤྱོད་རྒྱུ་ཉུང་དུ་བཏང་ནས། ནུས་རྒྱུ་ཟད་གྲོན་དང་སྦགས་བཙོག་དངོས་པོ་ཕྱིར་འབུད་བྱེད་ཉུང་དུ་གཏོང་བ་བཅས་བྱེད་དགོས། སྤྱོད་ཐེངས་གཅིག་གི་མཁོ་ཆས་དཔེར་ན་སྤྱོད་ཐེངས་གཅིག་གི་ཐུར་མ་དང་འགྱིག་ཁུག་སོགས་སྤྱོད་ཚད་ཉུང་དུ་གཏོང་བ་དང་རང་སོ་སོས་ལ་གནོད་པ་མེད་པའི་ཁོར་ཡུག་ཕོར་ཆས་དང་ཟོག་ཉོའི་ཁུག་མ་སོགས་འཁྱེར་དགོས། གད་སྙིགས་རིགས་དབྱེ་ཡག་པོ་བྱས་ཏེ་ཚུར་བསྡུ་ཆོག་པའི་གད་སྙིགས་དང་། གནོད་ཡོད་གད་སྙིགས། ཐབ་ཚང་གི་གད་སྙིགས་ལྷག་མ་བཅས་དང་དེ་བཞིན་གད་སྙིགས་གཞན་དག་རིགས་དབྱེ་ནས་མཁོ་འདོན་བྱས་ཏེ་ཐོན་ཁུངས་སྤྱོད་ཚད་མཐོ་རུ་གཏོང་བ་དང་ཁོར་ཡུག་སྦགས་བཙོག་ཉུང་དུ་གཏོང་དགོས། རྩྭ་རྩི་ཤིང་དང་མེ་ཏོག རི་སྐྱེས་སྲོག་ཆགས་བཅས་ལ་གཅེས་སྤྲས་དང་། སྐྱེ་ཁམས་རྩི་ཤིང་ལ་གཏོར་བརླག་མི་གཏོང་བ། རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་མི་གཏོང་བ། རང་བྱུང་ཁམས་དང་འཆམ་མཐུན་མཉམ་གནས་ཡོང་བ་བཅས་བྱེད་དགོས།
གསུམ། རང་ཉིད་ནས་འགོ་བཙུགས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོའི་ལྟ་ སྐུལ་པ་ཞིག་བྱེད་དགོས། བདག་པོའི་རྣམ་འགྱུར་ཐོག་ནས་ཉེ་འགྲམ་གྱི་ཁོར་ཡུག་གནད་དོན་ལ་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་བྱས་ཏེ་ཁྲིམས་འགལ་ངང་བཙོག་འབུད་བྱེད་པ་དང་སོག་མ་མེར་བསྲེགས་ནས་ཁྲིམས་འགལ་ངང་སྙིགས་རོ་གཡུག་པ་སོགས་ཀྱི་བྱ་སྤྱོད་ཤེས་རྟོགས་ཐུབ་ཚེ། དུས་ཐོག་ཏུ་12345ལ་ཁ་པར་བརྒྱབ་ནས་འབྲེལ་ཡོད་སྡེ་ཚན་ལ་ཐེར་འདོན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་དོ་དམ་དྲ་རྒྱ་ཐུན་མོང་ཐོག་ཚགས་དམ་དུ་གཏོང་དགོས།
བཞི། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ནས་སྐྱེ་ཁམས་སྲུང་སྐྱོང་མཁན་ཞིག་བྱེད་དགོས། ཁེ་ལས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤྱི་ཚོགས་འགན་འཁྲི་སྒྲུབ་པ། སྐྱེ་ཁམས་ཁོར་ཡུག་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། སྦགས་བཙོག་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། ཐོན་སྐྱེད་གཙང་མ་ཁྱབ་གདལ་གཏོང་བ། འཁོར་རྒྱུག་ དཔལ་འབྱོར་འཕེལ་རྒྱས་གཏོང་བ། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ་བཅས་བྱེད་དགོས། མི་ཚང་མས་ལས་ཀ་དང་འཚོ་བའི་ནང་སྐྱེ་ཁམས་ཁོར་ཡུག་གི་དྲང་ནུས་བརྒྱུད་སྤེལ་ཧུར་ཐག་བྱས་ཏེ་མི་དེ་བས་མང་བ་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ནས་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པ་དང་ཐུན་མོང་ཐོག་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ ཆགས་པ་བྱེད་དགོས།
སྐྱེ་ཁམས་དར་ན་ཤེས་དཔལ་དར་ཐུབ། ང་ཚོས་བྱ་སྤྱོད་ཧུར་ཐག་སྤེལ་ནས་ད་ལྟ་ནས་འགོ་འཛུགས་པ་དང་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་གནོད་མེད་འཚོ་བ་ལག་ལེན་བསྟར་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།