山南市人民政府
今天是: 2018年9月10日 星期一
当前位置: 首页>政务公开 > 信息公开目录
索引号: 000014349/2026-00469
文号:
发布机构: 贡嘎县安监局
主题分类: 市场监管安全生产监管
组配分类: 通知公告
发文日期: 2026-06-05 12:50

安全生产月倡议书

时间: 2026-06-05

全县各机关企事业单位、各乡镇、各类生产经营市场主体,广大干部群众、辖区僧尼:

细微之处藏风险,疏忽之间酿事故。安全稳定是社会发展的前提保障,是各族群众安居乐业的基本前提,更是我县高质量发展、长治久安的重要基石。今年 6 月为全国第 25 个 “安全生产月”,活动主题为 “人人讲安全、个个会应急 —— 排查整治风险隐患”。贡嘎坐拥拉萨贡嘎国际机场、在建重点项目、工矿企业、文旅景区、农牧村落与众多寺庙,项目施工、道路交通、森林防火、旅游经营、燃气消防等风险要素交织叠加。值此安全生产月到来之际,为凝聚全民安全共识、压紧各方安全责任、提升高原应急素养,筑牢雪域贡嘎全域安全防线,现向全县社会各界郑重倡议:

一、根植思维自觉,让安全意识蔚然成风。隐患重在预判,安全贵在前置。全县各行各业、各族群众要深刻把握安全生产工作核心要义,始终坚守生命重于一切的价值导向,严格遵循前置防范、系统治理、全域管控的工作原则,把安全准则贯穿工作履职、生产经营、日常生活全过程。主动学习安全法律法规、高原防灾知识、日常避险常识和应急处置规范,推动安全宣传覆盖机关单位、企业厂区、乡镇村居、校园课堂、宗教场所、城乡家庭。让尊崇安全、重视安全、恪守安全成为全社会共同追求,以思想上的清醒笃定,守住县域安全稳定基本盘面。

二、聚焦细节管控,让隐患清零成为常态。小节不慎,大患将至。全县上下要坚持从严从细管控风险,以隐患动态清零为工作导向,紧盯工程建设、工矿建材、油气经营、道路交通、森林草原、寺庙用火、民宿文旅、农村建房、农牧作业等重点领域,健全完善风险预判、分级管控、动态整治工作机制。各类市场主体要常态化开展全方位安全自查,逐项梳理设备运行、现场管理、作业流程中的薄弱环节,做到问题发现一处、整改一处、销号一处,坚决杜绝遗留问题、悬空隐患。广大群众要立足家庭、立足身边,主动清理生活安全盲区、整治日常风险点位,积极上报身边安全隐患,以点滴行动堵塞安全漏洞,织密基层末端安全防线。

三、锤炼实操能力,让应急技能守护平安。备豫不虞,为国常道。各类突发险情具有突发性、不确定性,平安守护关键在平日积累、日常练兵。倡议全县干部群众彻底摒弃松懈心态、侥幸心理,主动参与各类安全科普、技能实训、实战演练活动,熟练掌握火情处置、疏散撤离、防汛避险、日常急救、灾害躲避等实用技能。各行各业从业人员立足岗位勤学苦练,熟练掌握岗位应急流程;基层群众主动学习高原常见灾害应对方法,真正做到遇灾不慌、遇险能躲、有险能处、互帮互救,以扎实的实操本领筑牢个人、家庭、辖区三道安全防线。

四、凝聚全员合力,让齐抓共管守住底线。同心聚力,方得万全。安全生产没有局外人,人人都是安全守护者。全县各行业主管部门要压紧压实监管职责,抓实行业领域安全管控,精准督导隐患整治;各乡镇要严格落实属地管理职责,抓实网格化排查、常态化巡查、常态化宣传;各生产经营单位要全面落实安全生产主体责任,抓实人员管理、制度执行、设施运维、应急备战;全体在岗人员严守岗位规程,规范操作、杜绝违章;广大群众自觉履行个人安全义务,主动参与安全治理、维护公共安全秩序。全县一体联动、上下同心、全员尽责,形成全域覆盖、全员参与、全程管控的安全治理新格局。

平安承载万家期许,安全护航发展前行。让我们携手同心、凝心聚力,以时刻紧绷的底线意识排查各类风险,以务实的工作举措化解各类隐患,全面践行 “人人讲安全、个个会应急” 的活动要求,全力守护贡嘎县社会安定、群众安宁、发展安稳,为谱写新时代贡嘎长治久安和高质量发展新篇章筑牢坚实安全保障!


贡嘎县安全生产委员会办公室
贡嘎县应急管理局

2026 年 6 月


ཐོན་སྐྱེད་བདེ་འཇགས་ཟླ་བའི་སྐུལ་སློང་ཡི་གེ་

རྫོང་ཡོངས་ཀྱི་ལས་ཁུངས་ཁག་དང་། ཤང་གྲོང་རྡལ། ཁེ་ལས། ཐོན་སྐྱེད་གཉེར་སྐྱོང་ཚོང་པ། རྒྱ་ཆེའི་ལས་བྱེད་དང་མང་ཚོགས། གྲྭ་བཙུན་བཅས་ཀྱི་མཆོག་ལ། 

བདེ་འཇགས་བརྟན་ལྷིང་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་འགན་ལེན་ཡིན་པ་མ་ཟད་མི་རིགས་ཁག་གི་མི་དམངས་བདེ་སྡོད་ལས་བརྩོན་གྱི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་རང་རེའི་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་གལ་ཆེའི་རྨང་རྡོ་ཡང་ཡིན།

འདི་ལོའི་སྤྱི་ཟླ་6པ་ནི་རྒྱལ་ཡོངས་ཀྱི་“ཐོན་སྐྱེད་བདེ་འཇགས་ཟླ་བ་”ཐེངས་25པ་ཡིན་པ་དང་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི་“མི་ཚང་མས་བདེ་འཇགས་ལ་དོ་སྣང་བྱེད་པ་དང་མི་ཚང་མས་འཕྲལ་རྐྱེན་མྱུར་སེལ་ཤེས་པ། རྒྱུན་དུ་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད།”ཞེས་པ་དེ་ཡིན། 

གོང་དཀར་དུ་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དང་།སྐྲུན་བཞིན་པའི་གཙོ་གནད་རྣམ་གྲངས། བཟོ་གྲྭ་དང་གཏེར་ལས། རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ། ཞིང་འབྲོག་གྲོང་ཚོ་དང་དགོན་སྡེ་བཅས་མང་པོ་ཡོད་ཅིང་། རྣམ་གྲངས་ཨར་ལས་དང་། གཞུང་ལམ་འགྲིམ་འགྲུལ། ནགས་ཚལ་མེ་ཟོན་། ཡུལ་སྐོར་ཚོང་གཉེར། འབར་རླངས་མེ་ཟོན་སོགས་ཉེན་ཁའི་རྒྱུ་རྐྱེན་སྣེ་མང་འདྲེས་ཡོད། ཐོན་སྐྱེད་བདེ་འཇགས་ཟླ་བ་འཆར་བའི་སྐབས་འདིར་དམངས་ཡོངས་ཀྱི་བདེ་འཇགས་ལ་ངོས་འཛིན་གཏིང་ཟབ་ཡོང་བ་དང་། ཕྱོགས་ཁག་གི་བདེ་འཇགས་འགན་འཁྲི་ནན་དུ་གཏང་ནས་འཕྲལ་སྡོམ་བྱང་ཚད་གོང་མཐོར་བཏང་ཏེ་རྫོང་ཡོངས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་ཆེད་ད་ལྟ་རྫོང་ཡོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་ལ་སྐུལ་སློང་ཞུ་གསལ།

གཅིགརང་འགུལ་ཐོག་བདེ་འཇགས་སེམས་ནང་བཅངས་ནས་བདེ་འཇགས་ཀྱི་འདུ་ཤེས་གོམས་གཤིས་སུ་འགྱུར་བ་བྱེད་དགོས། མངོན་མེད་རྐྱེན་ངན་ལ་སྔོན་ནས་བརྡར་ཤ་གཅོད་རྒྱུ་གལ་ཆེ་བ་དང་། བདེ་འཇགས་ལས་དོན་ལ་སྔོན་ནས་བཀོད་སྒྲིག་བྱེད་རྒྱུ་གཙོ་ཆེ། རྫོང་ཡོངས་ཀྱི་ལས་རིགས་ཁག་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་ལྟེ་བའི་དོན་སྙིང་ཁོང་དུ་ཆུད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཚེ་སྲོག་ནི་ཐམས་བཅད་ལས་གལ་ཆེ་བའི་རིན་ཐང་གི་ཁྲིད་སྟོན་བརྟན་སྲུང་བྱེད་དགོས་པས། ཐོག་མ་ནས་བཀོད་སྒྲིག་དང་སྔོན་འགོག་བྱེད་པ། ཕྱོགས་ཡོངས་ནས་བཅོས་སྒྲིག་བྱེད་པ། ཁྱབ་ཁོངས་ཡོངས་ཀྱི་དོ་དམ་ཚོད་འཛིན་བྱེད་པ་བཅས་ཀྱི་ལས་ཀའི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་བདེ་འཇགས་ཚད་གཞི་དེ་ལས་ཀའི་འགན་འཁྲི་སྒྲུབ་པ་དང་། ཐོན་སྐྱེད་གཉེར་སྐྱོང་། རྒྱུན་གཏན་འཚོ་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཐུབ་པ་བྱེད་དགོས། རང་འགུལ་ངང་བདེ་འཇགས་བཅའ་ཁྲིམས་ཁྲིམས་སྲོལ་དང་། ས་མཐོའི་གནོད་འགོག་ཤེས་བྱ། རྒྱུན་གཏན་གྱི་ཉེན་གཡོལ་རྒྱུན་ཤེས། འཕྲལ་སྡོམ་ཐག་གཅོད་ཚད་གཞི་བཅས་སློབ་སྦྱོང་གཏིང་ཟབ་བྱས་ནས་བདེ་འཇགས་ཤེས་བྱ་དེ་དག་ལས་ཁུངས་ཚན་པ་དང་། ཁེ་ལས་བཟོ་གྲྭ། ཤང་གྲོང་རྡལ། གྲོང་ཚོ་སྡེ་ཁུལ། སློབ་གྲྭའི་སློབ་ཁང་། དགོན་སྡེའི་ཆོས་ར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱིམ་ཚང་བཅས་ཁྱོན་ཡོངས་ལ་དྲིལ་བསྒྲགས་ཁྱབ་འདལ་གཏང་ནས་བདེ་འཇགས་ལ་བརྩི་བཀུར་དང་།བདེ་འཇགས་ལ་མཐོང་ཆེན།བདེ་འཇགས་ལ་བརྩི་སྲུང་ནན་པོ་བཅས་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་དོན་དག་ཞིག་ཏུ་འགྱུར་བ་བྱས་ཏེ་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་སྒོ་ནས་རྫོང་ཡོངས་ཀྱི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་ཞུ་དགོས།།

གཉིས། ཞིབ་ཕྲའི་དོ་དམ་ཚོད་འཛིན་ལ་དམ་འཛིན་བྱས་ནས་མངོན་མེད་རྐྱེན་ངན་གཙང་སེལ་བྱ་རྒྱུ་རྒྱུན་སྲོལ་དུ་འགྱུར་བ་བྱེད་དགོས། གནད་དོན་ཆུང་ཙག་ལ་གཟབ་གཟབ་མ་བྱས་ན་དོན་རྐྱེན་ཆེན་པོ་ལྷག་སྲིད། རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཉེན་ཁ་དོ་དམ་ཚོད་འཛིན་ནན་པོ་དང་ཞིབ་ཚགས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མངོན་མེད་རྐྱེན་ངན་འགུལ་རྣམ་གཙང་སེལ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་ཀའི་ཁྲིད་སྟོན་དུ་འཛིན་ནས་ལས་གྲྭ་འཛུགས་སྐྲུན་དང་། བཟོ་ལས་གཏེར་ལས། ཨར་ལས་རྒྱུ་ཆ། སྣུམ་རླངས་ཚོང་གཉེར། གཞུང་ལམ་འགྲིམ་འགྲུལ། ནགས་ཚལ་རྩྭ་ར། དགོན་སྡེའི་མེ་སྤྱོད། སྡོད་ཁང་དང་རིག་གནས་ཡུལ་སྐོར། གྲོང་གསེབ་ཀྱི་ཁང་པ་འཛུགས་སྐྲུན། ཞིང་འབྲོག་ཐོན་སྐྱེད་སོགས་གཙོ་གནད་ཁྱབ་ཁོངས་ལ་དོ་སྣང་ནན་པོ་བྱས་ཏེ་ཉེན་ཁ་སྔོན་དཔག་དང་། རིམ་དབྱེའི་དོ་དམ་ཚོད་འཛིན། འགུལ་རྣམ་བཅོས་སྒྲིག་བཅས་ཀྱི་ལས་ཀའི་ལམ་ལུགས་འཐུས་ཚང་བཙུགས་ནས་ཁྲོམ་རའི་གཙོ་གཟུགས་ཁག་གིས་རྒྱུན་དུ་ཕྱོགས་ཡོངས་ནས་བདེ་འཇགས་རང་བཤེར་བྱས་ཏེ་སྒྲིག་ཆས་འཁོར་སྐྱོད་དང་། གནས་ཡུལ་དོ་དམ། ལས་སྒྲུབ་བརྒྱུད་རིམ་བཅས་ཀྱི་ཞན་ཆ་ཁག་རེ་རེ་བཞིན་གསེད་བཀྲོལ་བྱས་ཐོག་གནད་དོན་ཤེས་རྟོགས་བྱེད་པ། དག་ཐེར་ཡོ་བསྲང་བྱེད་པ། གནད་དོན་མེད་པ་བཟོ་བ་བཅས་ལག་བསྟར་ནན་པོ་བྱས་ཏེ་ཉེན་ཁའི་གནད་དོན་ནར་འགྱངས་དང་སྣང་མེད་གཏན་འགོག་བྱེད་དགོས། 

རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་ཁྱིམ་ཚང་དང་ཉེ་འཁོར་ལ་གཞི་ཚུགས་ཏེ་རང་འགུལ་ངང་འཚོ་བའི་བདེ་འཇགས་ཀྱི་ཁུག་ཆ་གཙང་བཤེར་དང་།རྒྱུན་གཏན་ཉེན་ཁ་ཡོད་སར་དུས་ཐོག་བཅོས་སྒྲིག་བྱས་ཏེ་ཉེ་འཁོར་གྱི་མངོན་མེད་ཉེན་ཁ་དུས་ཐོག་གོང་ཞུ་བྱས་ཐོག་བྱ་སྤྱོད་ཆུང་ཙག་ཐད་ནས་བདེ་འཇགས་ཀྱི་ཉེན་ཁ་སེལ་ཏེ་གཞི་རིམ་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་སྐྲུན་དགོས།

གསུམ། དངོས་འཐབ་ནུས་པ་སྦྱོང་བརྡར་བྱས་ནས་འཕྲལ་སྡོམ་རྩལ་ནུས་ཀྱིས་བདེ་འཇགས་སྲུང་དགོས།གློ་བུར་དུ་ཐོན་པའི་ཉེན་ཁའི་གནས་ཚུལ་སྣ་ཚོགས་ལ་གློ་བུར་རང་བཞིན་དང་ངེས་མེད་རང་བཞིན་ལྡན་པས་དུས་བདེའི་སྲུང་སྐྱོང་གི་འགག་རྩ་ནི་དུས་རྒྱུན་གྱི་གྲབས་གསོག་དང་རྒྱུན་གཏན་གྱི་དངོས་འཐབ་ནང་སྦྱོང་ལ་རག་ལུས་ཡོད། རྫོང་ཡོངས་ཀྱི་ལས་བྱེད་དང་མང་ཚོགས་ཀྱིས་ལྷོད་གཡེང་གི་བསམ་བློ་དང་སྟབས་ལེགས་པའི་སེམས་ཁམས་རྩ་བ་ནས་དོར་ཏེ་རང་འགུལ་ངང་རིགས་ཁག་གི་བདེ་འཇགས་ཤེས་བྱ་ཁྱབ་གདལ་དང་། རྩལ་ནུས་དངོས་སྦྱོང་། དངོས་འཐབ་ནང་སྦྱོང་བཅས་ཀྱི་བྱེད་སྒོར་ཞུགས་ཏེ་མེ་སྐྱོན་ཐག་གཅོད་དང་། ཁ་འགྲེམས་ཕྱིར་འཐེན། འབྲུབ་འགོག་ཉེན་གཡོལ། རྒྱུན་གཏན་མྱུར་སྐྱོབ། གནོད་འཚེ་གཡོལ་ཐབས་སོགས་སྤྱོད་གོ་ཆོད་པའི་རྩལ་ནུས་ཤེས་པ་བྱེད་དགོས། ལས་རིགས་ཁག་གི་ལས་ཞུགས་མི་སྣས་ལས་གནས་ལ་གཞི་ཚུགས་ནས་སློབ་སྦྱོང་དཀའ་སྤྱད་བྱས་ཏེ་ལས་གནས་ཀྱི་འཕྲལ་སྡོམ་བརྒྱུད་རིམ་ཁོང་དུ་ཆུད་པ་བྱེད་དགོས། གཞི་རིམ་མང་ཚོགས་ཀྱིས་རང་འགུལ་ངང་ས་མཐོའི་རྒྱུན་མཐོང་གནོད་འཚེར་ཁ་གཏད་གཅོག་ཐབས་སློབ་སྦྱོང་བྱས་ཏེ་གནོད་འཚེ་འཕྲད་ཚེ་དངངས་སྐྲག་མི་བྱེད་པ་དང་། ཉེན་ཁ་འཕྲད་ཚེ་གཡོལ་ཐུབ་པ། ཉེན་ཁ་ཡོད་ཚེ་ཐག་གཅོད་ཐུབ་པ། ཕན་ཚུན་རོགས་རམ་ཕན་ཚུན་སྐྱོབ་རེས་བཅས་བྱེད་ཐུབ་པ་དགོས་ཅིང་དངོས་འཐབ་ནུས་པ་ཏན་ཏིག་ལ་བརྟེན་ནས་མི་སྒེར་དང་། ཁྱིམ་ཚང་། ཁོངས་གཏོགས་ཁུལ་བཅས་ཀྱི་བདེ་འཇགས་འགོག་སྲུང་བརྟན་པོ་སྐྲུན་དགོས།

བཞི། དམངས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཐུན་མོང་དོ་དམ་བྱས་ཏེ་མ་མཐའི་མཚམས་ཐིག་སྲུང་དགོས།  ཐོན་སྐྱེདབདེ་འཇགས་མི་ཚང་མར་འབྲེལ་བ་ཡོད་པས། མི་ཚང་མ་བདེ་འཇགས་སྲུང་སྐྱོང་བྱེད་མཁན་ཡིན། རྫོང་ཡོངས་ཀྱི་ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་འགན་འཁྲི་ནན་དུ་བཏང་ནས་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་དོ་དམ་ལ་དམ་འཛིན་ཏན་ཏིག་བྱས་ཏེ་མངོན་མེད་རྐྱེན་ངན་བཅོས་སྒྲིག་ལ་གནད་འཁེལ་ལྟ་སྐུལ་བྱེད་དགོས།ཤང་གྲོང་རྡལ་གྱིསཁོངས་གཏོགས་ས་ཁུལ་གྱི་དོ་དམ་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་དྲ་མིག་ཅན་གྱི་གྲལ་བཤེར་དང་། རྒྱུན་རྣམ་ཅན་གྱི་སྐོར་བཤེར། རྒྱུན་རྣམ་ཅན་གྱི་དྲིལ་བསྒྲགས་བཅས་ལ་ཤུགས་སྣོན་རྒྱག་དགོས།ཐོན་སྐྱེད་གཉེར་སྐྱོང་ཚན་པ་ཁག་གིས་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་བོའི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་མི་སྣའི་དོ་དམ་དང་། ལམ་ལུགས་ལག་བསྟར། སྒྲིག་བཀོད་འཁོར་སྐྱོད་ཉམས་གསོ། འཕྲལ་རྐྱེན་མྱུར་སེལ་གྲ་སྒྲིག་བཅས་བྱེད་དགོས།ལས་གནས་ཐོག་ཡོད་པའི་ལས་མི་ཡོངས་ཀྱིས་ལས་གནས་ཀྱི་སྒྲིག་སྲོལ་ནན་སྲུང་བྱས་ནས་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བ་དང་སྒྲིག་འགལ་གཏན་འགོག་བྱེད་དགོས། རྒྱ་ཆེའི་མང་ཚོགས་ཀྱིས་རང་རྟོགས་ངང་མི་སྒེར་གྱི་བདེ་འཇགས་འོས་འགན་ལག་བསྟར་བྱེད་པ་དང་།རང་འགུལ་ངང་བདེ་འཇགས་བཅོས་སྐྱོང་དང་སྤྱི་པའི་བདེ་འཇགས་སྒྲིག་ལམ་སྲུང་སྐྱོང་ནང་ཞུགས་དགོས། རྫོང་ཡོངས་ཀྱིས་གཞི་གཅིག་མཉམ་འགུལ་དང་། གོང་འོག་གཅིག་མཐུན། འགན་འཁྲི་གཙང་སྒྲུབ་བཅས་བྱས་ནས་བདེ་འཇགས་བཅོས་སྐྱོང་ཁྱབ་ཁོངས་ཡོངས་སུ་ཁྱབ་པ་དང་། མི་སྣ་ཡོངས་རྫོགས་ཞུགས་པ། བརྒྱུད་རིམ་ཧྲིལ་པོར་དོ་དམ་ཚོད་འཛིན་བྱེད་པ་བཅས་ཀྱི་རྣམ་པ་གཏོད་དགོས།

དུས་བདེ་ནི་ཁྱིམ་ཚང་ཁྲི་ཕྲག་གི་རེ་བ་ཡིན།བདེ་འཇགས་ནི་འཕེལ་རྒྱས་ཀྱི་རྒྱབ་བརྟེན་ཡིན། ང་ཚོས་ལག་གདང་སྦྲེལ་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་སྲུང་སྐྱོང་ལ་དམ་འཛིན་བྱས་ཏེ་ཉེན་ཁ་སྣ་ཚོགས་གྲལ་བཤེར་བྱེད་པ་དང་།དངོས་གཉེར་དངོས་སྒྲུབ་ཀྱི་ལས་ཀའི་བྱེད་ཐབས་བརྒྱུད་མངོན་མེད་རྐྱེན་ངན་སྣ་ཚོགས་སེལ་ནས་“མི་ཚང་མས་བདེ་འཇགས་ལ་དོ་སྣང་བྱེད་པ་དང་མི་ཚང་མས་འཕྲལ་རྐྱེན་མྱུར་སེལ་ཤེས་པའི་”བྱེད་སྒོའི་བླང་བྱ་ཕྱོགས་ཡོངས་ནས་ལག་་བསྟར་བྱས་ཏེ་ནུས་ཤུགས་ཡོད་རྒུས་གོང་དཀར་རྫོང་གི་སྤྱི་ཚོགས་ཞི་བདེ་ལྷིང་འཇགས་དང་། མི་དམངས་བདེ་བསྡོད་ལས་བརྩོན། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བཅས་ལ་སྲུང་སྐྱོང་ཏན་ཏིག་བྱས་ནས་དུས་རབས་གསར་པའི་གོང་དཀར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།


གོང་དཀར་རྫོང་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་། 

གོང་དཀར་རྫོང་འཕྲལ་རྐྱེན་མྱུར་སེལ་དོ་དམ་ཅུས། 

2026ལོའི་ཟླ་6པར། 


扫一扫在手机打开当前页