山南市人民政府
今天是: 2018年9月10日 星期一
当前位置: 首页>新闻中心 > 头条新闻

贡嘎县安全生产委员会关于2026年元旦、春节、藏历新年期间安全规范燃放烟花爆竹的倡议书

2026-02-02 20:12:58 来源:贡嘎县应急管理局

全县广大干部群众、各行各业朋友们:

时序更替,岁物丰成。2026年元旦、春节、藏历新年将至,燃放烟花爆竹是中华民族传承已久的传统习俗,承载着大家对美好生活的期盼。但违规燃放极易引发火灾事故,破坏生态环境,尤其我县森林草原资源丰富、生态脆弱,且辖区内有拉萨贡嘎机场、西藏机场航油库等重点安全防护单位,安全风险突出。为保障人民群众生命财产安全与生态安全,营造欢乐祥和的节日氛围,根据《中华人民共和国大气污染防治法》《中华人民共和国治安管理处罚法》《烟花爆竹安全管理条例》《森林草原防灭火条例》等规定,结合贡嘎县实际,现发出如下倡议:

一、严守禁放红线,筑牢安全防线

请大家自觉强化安全与环保意识,严格遵守相关法律法规及我县管控要求,坚决落实以下重点区域、防火区域禁放规定:

1.重点区域全时段禁放。全县范围内的党政机关、军事管理区、文物保护单位、学校、医院、特困人员集中供养中心、车站、加油站、加气站、供电设施、通信设施、易燃易爆物品生产储存场所及周边法定安全距离内;高层建筑、设有可燃外墙保温材料的建筑和在建工程施工工地60米范围内;铁路、公路等交通线路内;企事业单位的办公区、生产区、仓储区等重点区域;西藏机场航油库及周边安全范围内;拉萨贡嘎机场及周边安全范围内,全年全时段禁止燃放烟花爆竹。

2.严格管控防火区域燃放。我县所有涉林乡镇及林区范围内,严禁任何单位和个人燃放烟花爆竹;同时严禁在电力线路下方、柴草堆垛、房前屋后等易引发火灾的区域燃放,严防森林草原火灾,共同守护贡嘎绿水青山。

二、遵守燃放规定,文明安全庆贺

在非禁放区域燃放烟花爆竹,须严格遵守以下规定,确保安全文明:

1.规范燃放地点。需在乡镇、村(居)委会划定的空旷安全区域燃放,远离住宅、人群、建筑物及易燃物;县城主干道十字路口、空旷地带可有序燃放,严禁在居民楼楼道、阳台、屋顶、室内等区域燃放。

2.选用合格产品。请通过持有《烟花爆竹经营(零售)许可证》的正规渠道,购买个人燃放类(C级、D级)烟花爆竹,坚决不购买、不燃放非法、超标、伪劣及专业燃放类产品。

3.严守操作规范。燃放前仔细阅读产品说明书,按提示安全操作;点燃后迅速撤离至安全距离,严禁手持燃放或向行人、车辆、建筑物投掷;未成年人燃放须有成年人全程监护。

4.及时消除隐患。燃放结束后,务必检查清理现场,确认余火完全熄灭、无遗留火种后再离开,严防火灾事故发生。

三、倡导文明新风,共建平安贡嘎

为进一步营造安全祥和的节日氛围,倡议全县人民践行文明过节新风,共同筑牢安全防线:

1.践行绿色过节。倡导移风易俗,优先选择电子爆竹、喜庆音乐、悬挂灯笼、敬献哈达等安全环保方式传递喜悦,减少烟花爆竹燃放数量,降低环境污染。

2.发挥示范作用。党员干部、公职人员、企事业单位职工要以身作则,带头遵守禁限放规定,主动引导家属、亲友遵守;欢迎广大群众对违规生产、销售、运输、储存、燃放烟花爆竹的行为进行劝阻和举报。

3.压实各方责任。各乡(镇)、村(居)及相关单位要落实属地管理和主体责任,加强宣传引导与巡查管控;公安、应急管理、消防救援等部门将在重点时段加强巡逻值守;烟花爆竹零售经营者需依法诚信经营,严格落实安全措施。

四、明确违规处罚,畅通应急渠道

全体单位和个人应自觉遵守本倡议及相关法律法规,对非法生产、运输、储存、销售和违规燃放烟花爆竹的行为,相关部门将依法予以处罚;构成犯罪的,依法追究刑事责任。

遇紧急情况,可拨打以下应急电话求助:

县公安局指挥中心:0893-12110;县应急管理局:0893-7392166;县消防救援大队:0893-12119;县中心医院120急救:0893-12120。

安全连着你我他,平安幸福靠大家。让我们从自身做起,摒弃陋习、倡树新风,严格遵守烟花爆竹燃放相关规定,如遇政策调整,将及时发布通知。祝全县人民节日愉快、阖家幸福、扎西德勒!


贡嘎县安全生产委员会

2026年2月2日


གོང་དཀར་རྫོང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་2026ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་རིང་ཤོག་སྦག་རྒྱ་སྐབས་བདེ་འཇགས་ཚད་ལྡན་ངང་སྒྲིག་ལམ་སྲུང་དགོས་པའི་གྲོས་གཞིའི་ཡི་གེ


རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས།ལས་རིགས་ཁག་གི་གྲོགས་པོ་ཡོངས་ལ།

དུས་རིམ་བརྗེ་རེས་བྱས་ནས་ལོ་ལེགས་བྱུང་བས། 2026ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་འཆར་ཉེར་ཡོད་པའི་སྐབས་ཤོག་སྦག་རྒྱག་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱིས་ཡུན་རིང་རྒྱུན་འཛིན་བྱས་པའི་སྲོལ་རྒྱུན་གོམས་གཤིས་ཤིག་ཡིན་པ་དང་། ཚང་མས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་ཅིག་ཀྱང་ཡིན། འོན་ཀྱང་སྒྲིག་འགལ་ངང་མེ་སྐྱོན་ཐོན་སླ་བ་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་སླ་བ། ལྷག་པར་དུ་རང་རྫོང་གི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་སྐྱེ་ཁམས་ཉམས་ཞན་ཡིན་པ་མ་ཟད། ཁོངས་གཏོགས་ཁུལ་དུ་ལྷ་ས་གོང་དཀར་གནམ་ཐང་དང་། བོད་ལྗོངས་གནམ་ཐང་གི་མཁའ་འགྲུལ་སྣུམ་མཛོད་སོགས་གཙོ་གནད་བདེ་འཇགས་འགོག་སྲུང་ཚན་པ་ཡོད་པ་བཅས་ཀྱིས་རྐྱེན་པས་བདེ་འཇགས་ཀྱི་ཉེན་ཁ་མངོན་གསལ་དོད་པོ་ཡོད། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས། སྐྱེ་ཁམས་བདེ་འཇགས་འགན་ལེན་ཡོང་བ་བྱས་ནས་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་རྣམ་པ་ཞིག་གཏོད་ཆེདཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམསདངཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》《ཤོག་སྦག་གི་བདེ་འཇགས་དོ་དམ་སྲོལ་ཡིག》《ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྲོལ་ཡིགསོགས་ཀྱི་གཏན་འབེབས་གཞིར་བཟུང་། གོང་དཀར་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ད་ལྟ་གཤམ་གསལ་གྱི་གྲོས་གཞི་བཏོན་རྒྱུ་སྟེ། 

གཅིགགཙོ་གནད་ཆེ་བའི་ས་ཆར་ཤོག་སྦག་རྒྱ་རྒྱུ་གཏན་འགོག་བྱས་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་རྒྱུ། 

ཚང་མས་རང་རྟོགས་ངང་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དེ་བཞིན་རང་རྫོང་གི་དོ་དམ་ཚོད་འཛིན་གྱི་བླང་བྱར་བརྩི་སྲུང་ནན་པོ་ཞུས་ཏེ། གཤམ་གསལ་གྱི་གཙོ་གནད་ས་ཁོངས་དང་མེ་ཟོན་ས་ཁོངས་སུ་ཤོག་སྦག་རྒྱ་མི་ཆོག་པའི་གཏན་འབེབས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་དགོས། 

1.གཙོ་གནད་ས་ཁོངས་དང་དུས་མཚམས་ཧྲིལ་པོར་ཤོག་སྦག་རྒྱ་མི་ཆོག རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་གི་ཏང་སྲིད་ལས་ཁུངས་དང་། དམག་དོན་དོ་དམ་ཁུལ། རིག་དངོས་སྲུང་སྐྱོང་ཚན་པ། སློབ་གྲྭ། སྨན་ཁང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས། རླངས་འཁོར་བབས་ཚུགས། སྣུམ་སྣོན་ས་ཚིགས། རླངས་སྣོན་ས་ཚིགས། གློག་མཁོ་འདོན་སྒྲིག་ཆས། འཕྲིན་གཏོང་སྒྲིག་ཆས། འབར་གས་སླ་བའི་དངོས་རྫས་ཐོན་སྐྱེད་གསོག་ཉར་བྱ་ཡུལ། ཉེ་འཁོར་གྱི་ཁྲིམས་གཏན་འཁེལ་བའི་བར་ཐག་ནང་། ཐོག་བརྩེགས་མཐོ་བའི་བཟོ་སྐྲུན། འབར་གས་སླ་བའི་གྱང་གི་དྲོད་སྲུང་རྒྱུ་ཆ་ཡོད་པའི་བཟོ་སྐྲུན་དངོས་པོ་དང་། སྐྲུན་བཞིན་པའི་ལས་གྲྭའི་ལས་ཡུལ་གྱི་སྨི་60ཡི་ཁྱབ་ཁོངས་སུ། ལྕགས་ལམ་དང་། གཞུང་ལམ་སོགས་ཀྱི་འགྲིམ་འགྲུལ་ལམ་ཐིག་ནང་། ཁེ་ལས་སྡེ་ཚན་དང་གཞུང་ལས་ཁུལ། ཐོན་སྐྱེད་ཁུལ། སོགས་ཉར་གཙོ་གནད་ས་ཁོངས། བོད་ལྗོངས་གནམ་ཐང་གི་མཁའ་འགྲུལ་སྣུམ་མཛོད་དང་དེ་བཞིན་མཐའ་འཁོར་གྱི་བདེ་འཇགས་ཁྱབ་ཁོངས་ཁུལ། ལྷ་ས་གོང་དཀར་གནམ་ཐང་དང་ཉེ་འཁོར་གྱི་བདེ་འཇགས་ཁྱབ་ཁོངས་ནང་ལོ་ཧྲིལ་པོར་ཤོག་སྦག་རྒྱ་མི་ཆོག

2.མེ་ཟོན་ས་ཁོངས་སུ་ཤོག་སྦག་རྒྱབ་རྒྱུ་དོ་དམ་ཚོད་འཛིན་ནན་པོ་བྱ་རྒྱུ། རང་རེའི་རྫོང་གི་ནགས་ཚལ་དང་འབྲེལ་བ་ཡོད་པའི་ཤང་དང་གྲོང་རྡལ་ནགས་ཁུལ་གྱི་ཁྱབ་ཁོངས་ནང་ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཤོག་སྦག་རྒྱ་མི་ཆོག དེ་དང་ཆབས་ཅིག་གློག་སྐུད་འོག་ཏུ་འབུད་ཤིང་ཕུང་གསོག་རྒྱག་པ་དང་། ཁང་པའི་རྒྱབ་མདུན་སོགས་མེ་སྐྱོན་ཐོན་སླ་བའི་ས་ཁོངས་སུ་མེ་རྒྱག་རྒྱུ་གཏན་འགོག་བྱས་ནས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་ནན་པོ་བྱས་ནས། གོང་དཀར་གྱི་སྔོ་ཞིང་དྭངས་བའི་རི་ཆུ་མཉམ་དུ་སྲུང་སྐྱོང་བྱེད་དགོས། 

གཉིས།ཤོག་སྦག་རྒྱ་སའི་གཏན་འབེབས་ལ་བརྩི་སྲུང་ཞུས་ནས། ཡ་རབས་དང་བདེ་འཇགས་ངང་དུས་ཆེན་ལ་རྟེན་འབྲེལ་ཞུ་དགོས། 

བཀག་སྡོམ་མེད་པའི་ས་ཁོངས་སུ་ཤོག་སྦག་རྒྱ་པར་ངེས་པར་དུ་གཤམ་གསལ་གྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ནས་བདེ་འཇགས་ཤེས་དཔལ་འགན་ལེན་བྱེད་དགོས། 

1.ཤོག་སྦག་རྒྱ་སའི་ས་ཁོངས་ཚད་ལྡན་དུ་གཏོང་དགོས། ཤང་དང་གྲོང་རྡལ་གྲོང་ཚོ(གྲོང་ལྷན)ཨུ་ལྷན་གྱིས་དབྱེ་མཚམས་བཅད་པའི་ཡངས་ཤིང་རྒྱ་ཆེ་བའི་བདེ་འཇགས་ས་ཁོངས་སུ་ཤོག་སྦག་རྒྱ་དགོས།  སྡོད་ཁང་དང་།  མི་ཚོགས། འཛུགས་སྐྲུན་དངོས་པོ་བཅས་དང་དེ་བཞིན་འབར་སླ་བའི་དངོས་པོ་ཡོད་སར་རྒྱབ་མི་ཆོག  རྫོང་གྲོང་གི་མ་ལམ་གྱི་བཞི་མདོ་དང་ཡངས་ཤིང་རྒྱ་ཆེ་བའི་ས་ཁུལ་དུ་གོ་རིམ་ལྡན་པའི་ངང་ཤོག་སྦག་རྒྱ་ཆོག་པ་དང་།  གྲོང་མིའི་ཐོག་ཁང་གི་བར་ཁྱམས་དང་། ཉི་གཡབ། ཁང་སྟེང་སོགས་སུ་ཤོག་སྦག་རྒྱ་རྒྱུ་གཏན་འགོག་བྱེད་དགོས།

2.ཚད་མཐུན་གྱི་ཐོན་རྫས་འདེམས་སྤྱོད་བྱ་དགོས།ཤོག་སྦག་ཚོང་གཉེར(སིལ་ཚོང)ཆོག་འཐུས་ལག་ཁྱེརཡོད་པའི་ཚད་ལྡན་གྱི་ཐབས་ལམ་བརྒྱུད་མི་སྒེར་གྱི་ཤོག་སྦག(Cརིམ་པ་དང་Dརིམ་པའི)ཤོག་སྦག་ཉོ་བ། ཁྲིམས་འགལ་དང་། ཚད་གཞི་མི་ལོན་པ། སྤུས་ཞན་སོགས་ཀྱི་ཤོག་སྦག་མི་ཉོ་མི་ཆོག

3.ཤོག་སྦག་རྒྱ་སྐབས་ནན་པོ་སྲུང་དགོས་པ། ཤོག་སྦག་མ་བརྒྱབ་གོང་ལ་ཐོན་རྫས་ཀྱི་གསལ་བཤད་ཡི་གེ་ཞིབ་མོར་ཀློག་པ་དང་། གསལ་འདེབས་ལྟར་བདེ་འཇགས་ངང་བེད་སྤྱོད་བྱ་དགོས། མེ་སྦར་རྗེས་མགྱོགས་མྱུར་ངང་བདེ་འཇགས་ཀྱི་བར་ཐག་ཏུ་ཕྱིར་འཐེན་བྱེད་དགོས་པ། ལག་ཏུ་མེ་སྤར་འཁྱེར་བའམ་ཡང་ན་ལམ་དུ་སྐྱོད་མཁན་དང་། རླངས་འཁོར། འཛུགས་སྐྲུན་དངོས་པོ་བཅས་ལ་འཕེན་རྒྱུ་གཏན་འགོག་བྱ་དགོས། ནར་མ་སོན་པའི་བྱིས་པས་ཤོག་སྦག་རྒྱབ་སྐབས་ལྟ་སྐྱོང་བྱ་མཁན་གྱིས་བརྒྱུད་རིམ་ཧྲིལ་པོར་ལྟ་ཞིབ་སྲུང་སྐྱོང་བྱེད་དགོས།

4.མངོན་མེད་རྐྱེན་ངན་དུས་ཐོག་ཏུ་མེད་པར་བཟོ་དགོས། ཤོག་སྦག་རྒྱ་ཚར་རྗེས་ངེས་པར་དུ་ས་གནས་དངོས་ལ་ཞིབ་བཤེར་དང་གཙང་བཤེར་བྱས་ཏེ། མེ་ལྷག་རྦད་དེ་བསད་པ་དང་མེ་སོན་ལུས་མེད་ལྟས་ནས་ཁ་བྲལ་དགོས། མེ་སྐྱོན་གྱི་ལས་འཛོལ་རྩ་བ་ནས་མི་ཐོན་པ་བྱ་རྒྱུ་ནན་འགོག་བྱེད་དགོས།

གསུམ། ཤེས་དཔལ་གྱི་སྲོལ་བཟང་དར་སྤེལ་བཏང་ནས་དུས་བདེའི་གོང་དཀར་མཉམ་སྐྲུན་བྱེད་དགོས།

བདེ་འཇགས་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པ་སྔར་བས་གཏོད་ཆེད། རྫོང་ཡོངས་མི་དམངས་ཀྱིས་ཡ་རབས་ངང་དུས་ཆེན་གཏོང་བའི་སྲོལ་བཟང་ལག་བསྟར་བྱས་ནས། ཐུན་མོང་ཐོག་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་རྒྱུའི་གྲོས་གཞི་བཏོན་རྒྱུ་ཡིན།

1.གནོད་མེད་ཀྱི་དུས་ཆེན་དགའ་གཏོང་བྱ་བ། གོམས་སྲོལ་སྒྱུར་རྒྱུ་དར་སྤེལ་བཏང་ནས་གློག་རྡུལ་ཤོག་སྦག་དང་། བཀྲ་ཤིས་པའི་རོལ་དབྱངས། ལྒང་བཞུ་བཏགས་པ། ཁ་བཏགས་འབུལ་བ་སོགས་བདེ་འཇགས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་སྟངས་ཐོག་ནས་དགའ་སྤྲོ་དུས་ཆེན་ལ་བསུ་བ་ཞུས་ནས། ཤོག་སྦག་རྒྱ་རྒྱུ་ཉུང་དུ་གཏོང་བ་དང་། ཁོར་ཡུག་སྦགས་བཙོག་ཉུང་དུ་བཏང་བ་བཅས་བྱ་དགོས།

2.དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱ་དགོས། ཏང་ཡོན་ལས་བྱེད་པ་དང་། གཞུང་ཞབས་པ། ཁེ་ལས་སྡེ་ཚན་གྱི་ལས་བཟོ་པ་བཅས་ཀྱིས་རང་དཔེ་གཞན་སྟོན་དང་། བཀག་སྡོམ་དང་ཚོད་འཛིན་བྱེད་པའི་གཏན་འབེབས་ལ་བརྩི་སྲུང་ཞུ་བའི་སྣེ་ཁྲིད་དེ། རང་འགུལ་ངང་ནང་མི་དང་། གཉེན་ཉེས་བརྩི་སྲུང་ཞུ་བར་ཁྲིད་སྟོན་བྱ་དགོས། རྒྱ་ཆེའི་མང་ཚོགས་ཀྱིས་སྒྲིག་འགལ་ངང་ཤོག་སྦག་ཐོན་སྐྱེད་དང་། ཕྱིར་ཚོང་། སྐྱེལ་འདྲེན། གསོག་ཉར་བཅས་ཀྱི་བྱེད་སྤྱོད་ལ་བཀག་སྡོམ་བསླབ་བྱ་དང་ཐེར་འདོན་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

3.ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་རྒྱུ། ཤང(གྲོང་རྡལ)ཁག་དང་གྲོང་ཚོ(གྲོང་ལྷན)དེ་བཞིན་འབྲེལ་ཡོད་ཚན་པས། ཁོངས་གཏོགས་ས་ཆའི་དོ་དམ་དང་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་དྲིལ་བསྒྲགས་ཁྲིད་སྟོན་དང་། སྐོར་ཞིབ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས། སྤྱི་བདེ་དང་། འཕྲལ་སྡོམ་དོ་དམ། མེ་ཟོན་རོགས་སྐྱོབ་སོགས་སྡེ་ཚན་གྱིས་གཙོ་གནད་དུས་མཚམས་སུ་སྐོར་གཡེང་ལས་རེས་ལ་ཤུགས་སྣོན་རྒྱག་རྒྱུ། ཤོག་སྦག་སིལ་ཚོང་གཉེར་སྐྱོང་བྱེད་མཁན་གྱིས་ཁྲིམས་ལྟར་ཡིད་རྟོན་གཉེར་སྐྱོང་དང་། བདེ་འཇགས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་དགོས།

བཞི། སྒྲིག་འགལ་གྱི་ཆད་པ་ཁ་གསལ་བཟོས་ནས། འཕྲལ་སྡོམ་ཐབས་ལམ་ཤར་གཏོང་ཐུབ་པ་བྱེད་དགོས། 

ཚན་པ་དང་མི་སྒེར་ཚང་མས་རང་རྟོགས་ངང་གྲོས་གཞི་དེ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ཏེ། ཁྲིམས་འགལ་ངང་ཤོག་སྦག་ཐོན་སྐྱེད་དང་། སྐྱེལ་འདྲེན། གསོག་ཉར། ཕྱིར་ཚོང་བཅས་བྱེད་པ་དང་སྒྲིག་འགལ་ངང་ཤོག་སྦག་གི་བྱེད་སྤྱོད་སྤེལ་མཁན་ལ། འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་ཡིན། ཉེས་ཚད་ལོན་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

ཛ་དྲག་ཆེ་བའི་གནས་ཚུལ་འཕྲད་ཚེ་གཤམ་གྱི་འཕྲལ་སྡོམ་ཁ་པར་བརྒྱབ་ནས་རོགས་སྐྱོར་གནང་རོགས་ཞུས་ཆོག

རྫོང་སྤྱི་བདེ་ཅུད་བཀོད་འདོམས་ལྟེ་གནས།0893-12110 རྫོང་འཕྲལ་སྡོམ་དོ་དམ་ཅུད་0893-7392166རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན།0893-12119རྫོང་ལྟེ་བའི་སྨན་ཁང་ཡི་མྱུར་སྐྱོབ།120བདེ་འཇགས་ནི་ཚང་མ་དང་འབྲེལ་བ་ཡོད་པས། བདེ་འཇགས་ཀྱི་བདེ་སྐྱིད་ཚང་མར་བརྟེན་དགོས། ང་ཚོས་རང་ངོས་ནས་འགོ་བཙུགས་ཏེ་སྲོལ་ངན་དོར་ནས་སྲོལ་གསར་གཏོད་པ་དང་། ཤོག་སྦག་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུ་དགོས། གལ་སྲིད་སྲིད་ཇུས་ལེགས་སྒྲིག་བྱས་ཚེ་དུས་ཐོག་ཏུ་བརྡ་ཐོ་གཏོང་རྒྱུ་ཡིན།རྫོང་ཡོངས་ཀྱི་མི་དམངས་དུས་ཆེན་སྤྲོ་པོ་དང་ཁྱིམ་ཚང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།


གོང་དཀར་རྫོང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་ནས། 

2026ལོའི་ཟླ་2ཚེས་2ཉིན། 


扫一扫在手机打开当前页