为深入学习贯彻党的二十大和二十届历次全会精神,贯彻落实中央一号文件精神及党中央、区党委、市委、县委关于“三农”工作部署要求和《西藏自治区关于持续促进农牧民增收的若干措施》要求,切实提升农牧民群众的收入水平,现结合我县实际,制定以下措施。
一、提升组织化转移就业促增收
1.鼓励市场主体依托拉萨南北山绿化项目等重大项目建设,围绕家政服务等现代服务业,打造服务型劳务品牌,探索推进“乡(镇)+劳务品牌+行业(产业、产品/服务)”模式。对劳务品牌培育给予一次性补贴,对达到并参与县级劳动品牌认定工作的市场主体给予年度品牌认定奖励。(牵头单位:县人社局;责任单位:各乡(镇)人民政府)
2.坚持把劳务经济人作为实现农牧民群众转移就业高质量发展的重要抓手和重要支撑,积极发挥示范引领作用,将一批组织和带动农牧民实现组织化转移就业的致富带头人、乡村能人、能工巧匠培养成乡村劳务经济人,并给予一定的带动就业奖励。(牵头单位:县人社局;责任单位:各乡(镇)人民政府)
二、全面激发消费活力促增收
按照《山南市商贸流通领域提振信心 促进消费三年行动总体方案(2024—2027年)》部署要求,我县将秉持“政策+活动”双轮驱动理念,充分借势传统节日与消费旺季,积极组织开展系列促消费活动,建立“贯通全年、四季持续、消费繁华”的促消费格局。(牵头单位:县商务局;责任单位:县文旅局)
三、福利优先本地农特产品促增收
福利设置优先考虑本地农副产品,在党政企事业单位集体采购时,优先考虑本地农副产品;在工会福利中,采取“工会+扶贫”的消费帮扶模式,鼓励广大干部职工积极采购脱贫地区农副产品。(牵头单位:县群团工作部;责任单位:各乡(镇)人民政府)
四、持续设立耕地保护监管员岗位促增收
为积极响应国家政策,落实自治区和市委对农业大县的要求,聚焦申报一级种子田,同时牢牢守住返贫底线,积极解决以脱贫户为主的农牧民稳定就业问题,设立“耕地保护监管员”岗位,为一级种子田的建设提供坚实保障。(牵头单位:县农业农村局;责任单位:各乡(镇)人民政府、县统计局、县财政局)
五、扶持发展种植大户促增收
通过政策扶持进行补贴,推动耕地规模化、集约化经营,壮大种植大户、家庭农场、合作社等经营主体,促进农牧民增收。以当年实际种植、收获的青稞面积核定,实行“一次核定,足额发放”。(牵头单位:县农业农村局;责任单位:各乡(镇)人民政府)
六、依托“以工代赈”促增收
通过以工代赈,可帮助当地群众通过就近务工实现就业增收,践行共享发展理念,推动人民群众精准施策。以脱贫人口、农村低收入群体、因灾需赈济人口等为重点对象,精准谋划项目、精准发放劳务报酬、精准开展技能培训。(牵头单位:县发改委;责任单位:各乡(镇)人民政府)
七、推进乡村振兴建设项目促增收
乡村振兴建设项目的实施着力拓展重点群体务工岗位容量,优先安排脱贫人口、防返贫监测对象等重点群体在项目实施点上务工。同步依托项目建设开展劳动技能培训,进行泥工、木工、电工等岗位开发,提升农牧民劳动技能、拓展就业空间。(牵头单位:县农业农村局;责任单位:各乡(镇)人民政府)
八、抓实今冬明春小型农田水利建设项目促增收
以今冬明春小型农田水利建设项目促进群众就近就业增收、提高劳动技能,为群众特别是农民工、脱贫人口等提供务工岗位,实现群众务工增收、基础设施改善和拉动投资增长等多重政策目标。(牵头单位:县农业农村局;责任单位:各乡(镇)人民政府)
本若干措施自2026年1月1日起试行,期限1年。由县委农村工作领导小组办公室负责解释。
གོང་དཀར་རྫོང་གིས་2026ལོར་ཞིང་འབྲོག་པའི་འབབ་འཕར་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས། (ཚོད་ལྟ)
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དང་དེ་བཞིན“ཞིང་གསུམ”ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། རྫོང་ཨུད་བཅས་ཀྱི་བཀོད་སྒྲིག་བླང་བྱ་དང་《ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས་འགའ་ཞིག》གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་ཆེད་ད་ལྟ་རང་རྫོང་གི་དོན་དངོས་དང་ཟུང་འབྲེལ་གྱིས་གཤམ་གསལ་བྱ་ཐབས་བཟོས་ཡོད།
གཅིག རྩ་འཛུགས་ཅན་གྱི་སྤོ་སྒྱུར་ལས་ཞུགས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ།
1.ཁྲོམ་རའི་བྱེད་པོ་གཙོ་བོས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་རྣམ་གྲངས་སོགས་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་ལྕག་བཏང་སྟེ་ཁྱིམ་ལས་ཞབས་ཞུ་སོགས་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་ལ་དམིགས་ནས་ཞབས་ཞུའི་རྣམ་པའི་ངལ་ནུས་སྤུས་རྟགས་གཏོད་རྒྱུ་དང“ཤང(གྲོང་རྡལ)+ངལ་ནུས་སྤུས་རྟགས་ཀྱི་ལས་རིགས(ཐོན་ལས་དང་། ཐོན་རྫས། ཞབས་ཞུ)ཀྱི་རྣམ་པ་འཚོལ་ཞིབ་བྱས་ནས་སྐུལ་འདེད་གཏོང་རྒྱུ། ངལ་ནུས་སྤུས་རྟགས་སྐྱེད་སྲིང་ལ་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྤྲད་དེ་རྫོང་རིམ་པའི་ངལ་རྩོལ་སྤུས་རྟགས་ངོས་འཛིན་ལས་དོན་ནང་ཞུགས་པའི་ཁྲོམ་རའི་བྱེད་པོར་ལོ་འཁོར་གྱི་སྤུས་རྟགས་ངོས་འཛིན་བྱ་དགའ་སྤྲོད་རྒྱུ། (སྣེ་ཁྲིད་ཚན་པ། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད། འགན་འཁྲིའི་ཚན་པ། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་)
2.ངལ་ལས་དཔལ་འབྱོར་པ་དེ་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་གལ་ཆེའི་དམ་འཛིན་བྱེད་ས་དང་གལ་ཆེའི་འདེགས་སྐྱོར་ལ་བརྩིས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་ཅན་གྱི་ལས་ཞུགས་གཞན་སྒྱུར་ཐུབ་པའི་ཕྱུག་འགྱུར་སྣེ་ཁྲིད་པ་དང་། གྲོང་གསེབ་ཀྱི་འཇོན་ཐང་ཅན། བཟོ་རྩལ་མཁས་པ་བཅས་ཁག་གཅིག་གྲོང་གསེབ་ཀྱི་ངལ་ལས་དཔལ་འབྱོར་པར་གསོ་སྐྱོང་བྱེད་རྒྱུ་མ་ཟད། ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་བྱ་དགའ་ངེས་ཅན་ཞིག་སྤྲོད་རྒྱུ། (སྣེ་ཁྲིད་ཚན་པ། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད། འགན་འཁྲིའི་ཚན་པ། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་)
གཉིས། འཛད་སྤྱོད་ཀྱི་གསོན་ཤུགས་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་ཏེ་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ།
《ལྷོ་ཁ་གྲོང་ཁྱེར་གྱི་ཚོང་དོན་འཁོར་རྒྱུག་ཁྱབ་ཁོངས་ཀྱི་ཡིད་ཆེས་འཕེལ་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་གཞིར་བཟུང་ཇུས་གཞིའི(2024ལོ་ནས་2027ལོ་བར)》བཀོད་སྒྲིག་ནང་བ། རང་རྫོང་གིས་“སྲིད་ཇུས་+བྱེད་སྒོའི”རེས་སྐོར་གཉིས་ཀྱི་སྐུལ་འདེད་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་སྲོལ་རྒྱུན་གྱི་དུས་ཆེན་དང་འཛད་སྤྱོད་བྱེད་མང་བའི་དུས་ཚིགས་ལ་བརྟེན་ནས། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས“ལོ་ཧྲིལ་པོ་དང་།དུས་ཚིགས་བཞི་རྒྱུན་མཐུད།འཛད་སྤྱོད་དར་རྒྱས”བཅས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་རྒྱུ།(སྣེ་ཁྲིད་ལསཁུངས། རྫོང་ཚོང་དོན་ཅུད། འགན་ཁུར་ལས་ཁུངས། རྫོང་རིག་གནས་ཡུལ་སྐོར་ཅུད)
གསུམ། ཕན་བདེ་སྔོན་ལ་ས་གནས་དེ་གའི་ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་ལ་བརྟེན་ནས་འབབ་འཕར་ཡོང་བར་བྱ་རྒྱུ།
ཕན་བདེའི་སྒྲིག་བཀོད་དེ་ས་གནས་དེ་གའི་ཞིང་ཞོར་ཐོན་རྫས་སྔོན་ལ་བསམ་གཞིགས་བྱས་ཏེ་ཏང་སྲིད་ཁེ་ལས་དང་། བྱ་ལས་སྡེ་ཚན་གྱིས་ཐུན་མོང་དུ་ཉོ་སྒྲུབ་བྱེད་སྐབས་ས་གནས་དེ་གའི་ཞིང་ཞོར་ཐོན་རྫས་སྔོན་ལ་བསམ་གཞིགས་བྱ་རྒྱུ། བཟོ་ཚོགས་ཀྱི་ཕན་བདེའི་ནང“བཟོ་ཚོགས་ཀྱི་དབུལ་སྐྱོར”གྱི་འཛད་སྤྱོད་རོགས་སྐྱོར་བྱེད་སྟངས་སྤྱད་དེ་རྒྱ་ཆེའི་ལས་བྱེད་ལས་བཟོར་དབུལ་སྒྲོལ་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་ཉོ་སྒྲུབ་ཧུར་ཐག་བྱ་རྒྱུའི་ལྕག་སྐུལ་གཏོང་རྒྱུ། (སྣེ་ཁྲིད་ཚན་པ། རྫོང་གི་མང་ཚོགས་ཚོགས་པའི་ལས་དོན་པུའུ། འགན་འཁྲིའི་ཚན་པ། ཤང(གྲོང་རྡལ)ཁག་གི་མི་དམངས་སྲིད་གཞུང་)
བཞི། རྨོ་ཞིང་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་པའི་ལས་གནས་མུ་མཐུད་བཙུགས་ནས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ།
རྒྱལ་ཁབ་ཀྱི་སྲིད་ཇུས་དང་ལེན་ཧུར་ཐག་བྱེད་པ་དང་། རང་སྐྱོང་ལྗོངས་དང་གྲོང་ཨུད་ཀྱིས་ཞིང་ལས་རྫོང་ཆེན་ལ་བཏོན་པའི་བླང་བྱ་དོན་འཁྱོལ་བྱས་ནས། རིམ་པ་དང་པོའི་ས་བོན་ཞིང་སར་དམིགས་མཐོང་རེ་ཞུ་བྱེད་པ། དུས་མཚུངས་དབུལ་པོ་བསྐྱར་ལོག་གི་མཐའ་ཚད་བརྟན་པོ་སྲུང་བ། དབུལ་སྒྲོལ་དུད་ཚང་གཙོ་བོར་བྱེད་པའི་ཞིང་འབྲོག་པའི་ལས་ཞུགས་བརྟན་པོ་ཡོང་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱ་བ། “རྨོ་ཞིང་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་པའི”ལས་གནས་བཙུགས་ནས་རིམ་པ་དང་པོའི་ས་ཞིང་འཛུགས་སྐྲུན་བྱ་ཆེད་འགན་ལེན་བརྟན་པོ་བྱ་རྒྱུ། (སྣེ་ཁྲིད་ཚན་པ། རྫོང་ཞིང་ལས་གྲོང་གསེབ་ཅུད། འགན་འཁྲིའི་ཚན་པ། ཤང(གྲོང་རྡལ)ཁག་གི་མི་དམངས་སྲིད་གཞུང་དང་། རྫོང་བསྡོམས་རྩིས་ཅུད། རྫོང་ནོར་སྲིད་ཅུད)
ལྔ། འདེབས་འཛུགས་དུད་ཆེན་ལ་རོགས་སྐྱོར་བྱས་ནས་འབབ་འཕར་ཡོང་བར་བྱ་རྒྱུ།
སྲིད་ཇུས་ཀྱི་རོགས་སྐྱོར་བརྒྱུད་ཁ་གསབ་སྤྲོད་པ་དང་། རྨོ་ཞིང་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གཉེར་སྐྱོང་ལ་སྐུལ་འདེད་བཏང་ནས། འདེབས་འཛུགས་དུད་ཆེན་དང་། ཁྱིམ་ཚང་ཞིང་ར། མཉམ་ལས་ཁང་སོགས་གཉེར་སྐྱོང་བྱེད་པོ་སྟོབས་ཆེར་གཏོང་བ། ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལོ་དེ་རང་དུ་འདེབས་འཛུགས་དང་ཐོན་འབབ་དངོས་ཀྱི་སྔོ་ཁྱོན་ཞིབ་བཤེར་གཏན་འཁེལ་བྱས་ནས“ཞིབ་བཤེར་གཏན་འཁེལ་ཐེངས་གཅིག་དང་གྲངས་ཚང་སྤྲོད་པའི”བྱེད་ཐབས་ལག་ལེན་བཏང་རྒྱུ། (སྣེ་ཁྲིད་ཚན་པ། རྫོང་ཞིང་ལས་གྲོང་གསེབ་ཅུད། འགན་འཁྲིའི་ཚན་པ། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་)
དྲུག “རྒུད་གསབ་ལས་སྤྲོད”ལ་བརྟེན་ནས་འབབ་འཕར་ཡོང་བར་བྱ་བ།
རྒུད་གསབ་ལས་སྤྲོད་བྱས་པ་བརྒྱུད་ས་གནས་དེ་གའི་མང་ཚོགས་ཀྱིས་ཐག་ཉེ་སར་ལས་ཀ་བྱས་ནས་ལས་ཞུགས་འབབ་འཕར་ཡོང་རྒྱུར་རོགས་རམ་བྱེད་པ་དང་། མཉམ་སྤྱོད་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བ། མི་དམངས་མང་ཚོགས་ལ་གནད་སྨིན་ཇུས་འདོན་བྱ་རྒྱུར་སྐུལ་འདེད་གཏོང་བ། དབུལ་སྒྲོལ་མི་འབོར་དང་། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཚོགས་སྤྱི། གནོད་འཚེས་རྐྱེན་པས་རྒུད་སྐྱོབ་བྱེད་དགོས་པའི་མི་འབོར་སོགས་གཙོ་གནད་བྱ་ཡུལ་དུ་བྱས་ནས། རྣམ་གྲངས་གནད་སྨིན་ཇུས་འགོད་དང་། ངལ་ནུས་གླ་ཆ་གནད་སྨིན་སྤྲོད་པ། རྩལ་ནུས་གསོ་སྦྱོང་གནད་སྨིན་བཅས་བྱ་རྒྱུ། (སྣེ་ཁྲིད་ལས་ཁུངས། རྫོང་འཕེལ་སྒྱུར་ཨུ་ལྷན། འགན་འཁྲི་ལས་ཁུངས། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་)
བདུན། གྲོང་གསེབ་དར་རྒྱས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་བཏང་བ།
གྲོང་གསེབ་དར་རྒྱས་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་གཙོ་གནད་ཚོགས་སྤྱིའི་ལས་གནས་ཤོང་ཚད་རྒྱ་ཆེར་ཤུགས་ཆེན་བཏང་བ་དང་། དབུལ་སྒྲོལ་མི་འབོར་དང་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་བྱ་ཡུལ་སོགས་གཙོ་གནད་ཚོགས་སྤྱིར་རྣམ་གྲངས་ལག་བསྟར་བྱ་ཡུལ་དུ་ལས་ཀ་བྱ་རྒྱུ་སྔོན་ལ་བཀོད་སྒྲིག་བྱ་བ། རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་ངལ་རྩོལ་རྩལ་ནུས་གསོ་སྦྱོང་དང་། འདམ་ལས། ཤིང་བཟོ། གློག་ལས་སོགས་ཀྱི་ལས་གནས་གསར་སྤེལ་བྱས་ནས་ཞིང་འབྲོག་པའི་ངལ་རྩོལ་རྩལ་ནུས་མཐོ་རུ་བཏང་བ་དང་ལས་ཞུགས་ཀྱི་བར་མཐོངས་རྒྱ་ཆེར་བཏང་རྒྱུ། (སྣེ་ཁྲིད་ཚན་པ། རྫོང་ཞིང་ལས་གྲོང་གསེབ་ཅུད། འགན་འཁྲིའི་ཚན་པ། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་)
བརྒྱད།ད་ལོའི་དགུན་ཁ་དང་ཕྱི་ལོའི་དཔྱིད་ཀའི་ཞིང་ཁའི་ཆུ་བེད་ཆུང་གྲས་འཛུགས་སྐྲུན་གྱི་རྣམ་གྲངས་དམ་འཛིན་བྱས་ནས་འབབ་འཕར་ཡོང་བར་བྱ་རྒྱུ།
ད་ལོའི་དགུན་ཁ་དང་ཕྱི་ལོའི་དཔྱིད་ཀའི་ཞིང་ནང་ཆུ་བེད་འཛུགས་སྐྲུན་རྣམ་གྲངས་ཆུང་གྲས་ཀྱིས་མང་ཚོགས་ཐག་ཉེ་སར་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ངལ་རྩོལ་རྩལ་ནུས་མཐོ་རུ་བཏང་ནས་མང་ཚོགས་དང་ལྷག་པར་དུ་ཞིང་པ་ལས་མི་དང་དབུལ་སྒྲོལ་མི་འབོར་སོགས་ལ་ལས་གནས་མཁོ་འདོན་བྱས་ཏེ། མང་ཚོགས་ཀྱི་ལས་གཉེར་འབབ་འཕར་དང་། རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་། མ་འཇོག་འཕར་རྒྱུར་སྐུལ་ཁྲིད་བྱེད་པ་སོགས་ཀྱི་སྲིད་ཇུས་ཀྱི་དམིགས་ཚད་མང་པོ་མངོན་འགྱུར་ཡོང་བ་བྱ་རྒྱུ། (སྣེ་ཁྲིད་ཚན་པ། རྫོང་ཞིང་ལས་གྲོང་གསེབ་ཅུད། འགན་འཁྲིའི་ཚན་པ། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་)
བྱེད་ཐབས་འགའ་ཞིག་ནི་2026ལོའི་ཟླ་1ཚེས་1ཉིན་ནས་བཟུང་ཚོད་ལྟ་བྱ་རྒྱུ་དང་དུས་ཚད་ལོ་གཅིག་ཡིན། རྫོང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་འགྲེལ་བཤད་རྒྱག་འགན་འཁུར་རྒྱུ།
