为切实保障全县人民群众身体健康,筑牢公共卫生安全防线,有效预防和控制传染病传播,落实疾病早发现、早诊断、早治疗防控要求,我县将全面开展肺结核、艾滋病、病毒性肝炎、梅毒免费筛查工作,现将有关事宜公告如下:
一、筛查对象
全县15周岁及以上常住居民(不限户籍),涵盖党政机关、企事业单位在职及退休人员等各类人群。
二、筛查时间
筛查周期:2026年1月13日—2026年12月31日
每日时段:上午9:30-12:30 15:30-18:30(周末及节假日除外)
三、筛查地点
主筛查点:贡嘎县人民医院门诊(除儿科外所有科室均可参与登记筛查)
流动筛查点:各乡镇卫生院(与全民健康体检同步推进)
四、所需材料
请携带本人身份证、户口簿或居住证等有效身份证明;未满15周岁未成年人若参与筛查,须由监护人全程陪同,并携带相关身份证明材料。
五、筛查费用
本次筛查全程免费,不收取任何费用。
六、结果告知与后续服务
筛查结果将精准反馈,若结果异常,由县疾病预防控制中心联合定点医疗机构专人对接联系,为群众提供免费进一步诊断、规范治疗及长期随访管理全流程服务,保障健康权益。
七、其他事项
请参与筛查群众主动配合现场工作人员,有序完成信息登记、筛查采样等流程;自觉遵守现场秩序,共同筑牢全县传染病防控与全民健康防线。
八、咨询电话
贡嘎县疾病预防控制中心:0893-7392540
13659581230
贡嘎县卫生健康委员会
贡嘎县疾病预防控制中心
2026年1月14日
གོང་དཀར་རྫོང་གིས་“ནད་གཞི་བཞི”རིན་མེད་གྲལ་བཤེར་བྱ་རྒྱུའི་སྤྱི་བསྒྲགས།
རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་འགན་ལེན་ཏན་ཏིག་ཡོང་བ་དང་།སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་། འགོས་ནད་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱེད་པ། ནད་གཞི་སྔ་ཙམ་ཤེས་རྟོགས་་། སྔ་ཙམ་བརྟག་དཔྱད། སྔ་ཙམ་སྨན་བཅོས་བཅས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ཡོང་བ་བཅས་བྱ་ཆེད། རང་རྫོང་གིས་འདུས་འདྲིལ་གློ་གཅོང་དང་། ཨེ་ཙེའི་ནད། ནད་དུག་རང་བཞིན་གྱི་མཆིན་ཚད། རེག་དུག་གི་ནད་བཅས་རིན་མེད་གྲལ་བཤེར་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུ་ཡིན་པས།ད་ལྟ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
གཅིག འདེམས་བཤེར་བྱ་ཡུལ།
རྫོང་ཡོངས་ཀྱི་ལོ་15ཡན་གྱི་རྒྱུན་སྡོད་གྲོང་མིའི(ཐེམ་ཐོ་ཚད་བཀག་མེད་པ)ནང་ཏང་སྲིད་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་ལས་ཐོག་དང་དེ་བཞིན་ལས་འསྒྱུར་ངལ་གསོ་བ་སོགས་ཚུད་ཡོད།
གཉིས། འདེམས་བཤེར་དུས་ཚོད།
གྲལ་བཤེར་དུས་འཁོར། 2026ལོའི་ཟླ་1ཚེས་13ཉིན་ནས་2026ལོའི་ཟླ་12ཚེས་31ཉིན་བར་ཡིན། ཉིན་རེའི་དུས་མཚམས། སྔ་དྲོའི་ཆུ་ཚོད་9:30ནས་12:30བར། ཕྱི་དྲོའི་ཆུ་ཚོད་15:30ནས་ཆུ་ཚོད་18:30བར(གཟའ་མཇུག་དང་དུས་ཆེན་དང་ངལ་གསོའི་དུས་ཚོད་ཕུད)
གསུམ། བརྟག་དཔྱད་བྱ་ཡུལ།
འདེམས་བཤེར་བྱ་ཡུལ་གཙོ་བོ།གོང་དཀར་རྫོང་མི་དམངས་སྨན་ཁང་གི་སྒོ་བསྟེན་སྨན་ཁང(བྱིས་ནད་ཚན་ཁག་ཕུད་པའི་ཚན་ཁག་ཚང་མ་ཐོ་འགོད་འདེམས་བཤེར་ནང་ཞུགས་ཆོག་པ)སྐོར་སྐྱོད་གྲལ་བཤེར་ས་ཚིགས། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང(དམངས་ཡོངས་ཀྱི་བདེ་ཐང་བརྟག་དཔྱད་དང་མཉམ་དུ་སྐུལ་འདེད་གཏོང་བ)
བཞི། དགོས་ངེས་ཀྱི་འཛིན་ཡིག།
རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་།ཐེམ་ཐོ་ཡང་ན་གནས་སྡོད་ལག་ཁྱེར་སོགས་གོ་ཆོད་པའི་ཐོབ་ཐང་ལག་ཁྱེར་འཁྱེར་དགོས།ལོ་15མ་ལོན་པའི་ནར་མ་སོན་པའི་བྱིས་པ་འདེམས་བཤེར་ནང་ཞུགས་ཚེ་ངེས་པར་དུ་ལྟ་སྐྱོང་པས་འགྲོ་རོགས་བྱེད་དགོས་པ་མ་ཟད་འབྲེལ་ཡོད་ཐོབ་ཐང་དཔང་ཡིག་ཀྱང་འཁྱེར་དགོས།
ལྔ། བརྟག་དཔྱད་བྱེད་པའི་འགྲོ་གྲོན།
ད་ཐེངས་ཀྱི་འདེམས་བཤེར་བརྒྱུད་རིམ་ཧྲིལ་པོར་རིན་མེད་དང་། འགྲོ་གྲོན་གང་ཡང་མི་ལེན།
དྲུག མཇུག་འབྲས་གསལ་བཤད་དང་རྗེས་མཐུད་ཞབས་ཞུ།
གྲལ་བཤེར་བྱས་འབྲས་དེ་གནད་འཕིགས་ལན་སྤྲོད་བྱ་རྒྱུ་དང་།གལ་ཏེ་མཇུག་འབྲས་རྒྱུན་གཏན་མིན་ཚེ།རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་ཆེད་དོན་ལས་མི་དང་མཉམ་འབྲེལ་ཐོག་འབྲེལ་མཐུད་བྱས་ནས།མང་ཚོགས་ལ་རིན་མེད་ངང་ནད་གཞི་བརྟག་དཔྱད་དང་།སྨན་བཅོས་ཚད་ལྡན།དེ་བཞིན་ཡུན་རིང་མཉམ་དུ་བཅར་འདྲི་དང་དོ་དམ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུ་མཁོ་འདོན་བྱས་ནས་བདེ་ཐང་གི་ཁེ་དབང་འགན་ལེན་བྱ་རྒྱུ་ཡིན།
བདུན། དོན་ཚན་གཞན་དག
འདེམས་བཤེར་ནང་ཞུགས་མཁན་མང་ཚོགས་ཀྱིས་ལས་ཡུལ་དངོས་ཀྱི་ལས་དོན་པར་རང་འགུལ་ངང་གཞོགས་འདེགས་བྱས་ཏེ་ཆ་འཕྲིན་ཐོ་འགོད་དང་འདེམས་བཤེར་དཔེ་ལེན་སོགས་ཀྱི་བརྒྱུད་རིམ་གོ་རིམ་ལྡན་པའི་ངང་ལེགས་སྒྲུབ་ཡོང་བ་བྱེད་དགོས།རང་རྟོགས་ངང་ལས་ཡུལ་དངོས་ཀྱི་སྒྲིག་ལམ་ལ་བརྩི་སྲུང་ཞུས་ཏེ་ཐུན་མོང་ཐོག་རྫོང་ཡོངས་ཀྱི་འགོས་ནད་སྔོན་འགོག་ཚོད་འཛིན་དང་དམངས་ཡོངས་ཀྱི་བདེ་ཐང་གི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས།
བརྒྱད། བློ་འདྲིའི་ཁ་པར།
གོང་དཀར་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།
0893-7392540
13659581230
གོང་དཀར་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།
གོང་དཀར་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།
2026ལོའི་ཟླ་1པོའི་ཚེས་14ཉིན།
