全县广大农牧民朋友们:
保护耕地是我国的基本国策,粮食安全是治国安邦的头等大事,事关国家发展命脉和社会民生大局。耕地是保障粮食生产的根本载体,是推进乡村振兴、夯实基层发展的重要根基,严守耕地红线,就是守住粮食安全底线、筑牢民生保障根基。
当前,我县部分耕地仍存在季节性闲置、粗放经营、地力衰退、零星撂荒等问题,耕地管护利用水平有待提升,既造成土地资源浪费,也制约粮食稳产增产和农牧业高质量发展。为进一步树牢全民耕地保护责任意识,压紧压实属地管护和农户主体责任,坚决杜绝耕地撂荒抛荒,从严遏制耕地“非农化”、严格管控“非粮化”,引导广大农牧民群众惜地护地、养地肥地、主动复耕复种,全面盘活存量耕地资源、稳定粮食生产能力,坚决守牢全县耕地保护红线和粮食安全底线,现向广大农牧民朋友发出如下倡议:
一、严守政策底线,规范耕地用途
全体群众要自觉遵守《中华人民共和国土地管理法》《粮食安全保障法》等法律法规,牢固树立“耕地姓农、良田种粮”的思想。
一是永久基本农田严格落实“四严禁”:严禁占用永久基本农田发展林果业、挖塘养鱼;严禁种植绿化苗木、苜蓿草等破坏耕作层作物;严禁挖湖造景、违规修建景观绿化带;严禁擅自搭建畜禽、水产养殖非农设施。
二是一般耕地严格执行“五不得”:不得随意挖塘垒坝、破坏耕地耕作层;不得盲目大规模栽植经济林木、苗木花卉;不得违规搭建非农设施、擅自硬化耕地地面;不得闲置撂荒耕地、随意弃粮改种;不得违法流转耕地用于非粮化生产经营。
二、规范种植结构,稳定粮食生产
永久基本农田、高标准农田必须优先种植青稞等粮食作物,坚决保障口粮绝对安全。一般耕地科学优化种植结构,严控非粮作物无序扩张,杜绝连片非粮种植、大面积退出粮食生产。
对已违规改种苗木、果树、饲草的地块,请广大群众主动对照政策要求,分步有序整改复耕,恢复粮食种植功能,守住良田种粮本源。
三、杜绝耕地撂荒,盘活耕地资源
土地是农牧民的立身之本,耕地撂荒既是资源浪费,也违反耕地保护相关规定。请广大群众切实管好、种好自家承包耕地,坚决杜绝闲置抛荒。
对自身无劳力耕种的耕地,可通过合法流转、托管代种、联户经营等方式交由合规经营主体耕种,流转过程中严禁改变耕地性质、严禁非农建设、严禁非粮种植。各乡镇、各村(社区)将常态化开展撂荒耕地排查整治,对长期无人耕种、恶意撂荒的耕地依法依规处置。
四、主动自查整改,坚守守法底线
耕地红线是刚性底线、不可逾越。任何个人不得擅自变更耕地地类、改变种植属性,不得借土地流转变相实施耕地“非粮化”。所有违规占用耕地、擅自改变耕地用途的地块,务必主动限期整改、复耕复种。对拒不整改、顶风违规、新增非农化、非粮化的行为,相关执法部门将依法从严查处,坚决守住耕地保护刚性秩序。
五、主动参与守护,共筑粮食防线
保护耕地人人有责,守好良田家家受益。希望广大农牧民朋友摒弃“重经济、轻粮食”的短视思想,算好长远账、守好责任田。主动学习耕地保护政策,自觉抵制各类违规占地、非粮种植行为,积极配合乡(镇)、村(社区)开展耕地排查、整改复耕、农田管护等工作,主动监督举报违法占耕、破坏耕地、违规非粮等行为,共同守护宝贵耕地资源。
良田不可闲置,耕地不容撂荒。守护耕地、种好良田、杜绝抛荒,是每一户农牧民的责任与义务。希望广大农牧民朋友自觉摒弃粗放耕种、闲置撂荒的陋习,主动管好自家承包土地,做到能种尽种、应种尽种,依法规范土地流转、科学开展种植,坚决遏制耕地“非农化”、严防“非粮化”,牢牢守住耕地红线和粮食安全底线。耕地保护工作离不开大家的理解、支持与配合,让我们心系“国之大者”,携手同心、守土尽责,深耕沃土、稳粮增收,共同珍惜守护宝贵耕地资源,牢牢守住粮食安全生命线,合力共建和美乡村!
贡嘎县农业农村局
2026年8月4日
གོང་དཀར་རྫོང་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་པའི་གྲོགས་པོ་རྣམས་ལ་སྤྲིངས་པའི་རྨོ་ཞིང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་གོང་དཀར་་རྫོང་མི་དམངས་སྲིད་གཞུང་གི་གྲོས་འདོན་ཡི་གེ།
རྫོང་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་པའི་གྲོགས་པོ་རྣམ་ལ།
རྨོ་ཞིང་སྲུང་སྐྱོང་བྱ་རྒྱུ་ནི་རང་རྒྱལ་གྱི་གཞི་རྩའི་རྒྱལ་ཇུས་ཡིན་པ་དང་། འབྲུ་རིགས་བདེ་འཇགས་ནི་རྒྱལ་སྐྱོང་རྒྱལ་ཁབ་བདེ་འཇགས་ཡོང་བའི་དོན་ཆེན་ཨང་དང་པོ་ཡིན་པས།རྒྱལ་ཁབ་འཕེལ་རྒྱས་ཀྱི་སྲོག་རྩ་དང་སྤྱི་ཚོགས་དམངས་འཚོའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་།རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་འགན་ལེན་བྱེད་པའི་རྩ་བའི་གཞི་རྟེན་ཞིག་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་གཞི་རིམ་འཕེལ་རྒྱས་བརྟན་དུ་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཡིན།རྨོ་ཞིང་གི་དམར་ཐིག་ནན་སྲུང་བྱེད་པ་ནི་འབྲུ་རིགས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་སྲུང་བ་དང་དམངས་འཚོ་འགན་ལེན་བརྟན་པོ་བྱེད་པའི་རྨང་གཞི་ཡིན་།
མིག་སྔར་རང་རྫོང་གི་རྨོ་ཞིང་ཁག་གཅིག་ལ་དུས་ཚིགས་རང་བཞིན་གྱི་བེད་མེད་དུ་ལུས་པ་དང་།རགས་ལས་གཉེར་སྐྱོང་བྱེད་པ། ས་ཤུགས་ཉམས་པ། ས་རྒོད་དུ་བསྐྱུར་བ་སོགས་ཀྱི་གནད་དོན་སྔར་བཞིན་ལྷག་ཡོད་པ་དང་རྨོ་ཞིང་དོ་དམ་སྲུང་སྐྱོང་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པས་ས་ཞིང་ཐོན་ཁུངས་འཕྲོ་བརླག་འགྲོ་བ་མ་ཟད།འབྲུ་རིགས་ཐོན་འཕར་བརྟན་པོ་དང་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་ཡང་འགོག་རྐྱེན་བཟོ་གི་ཡོད། དམངས་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲིའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ་དང་། ཁོངས་གཏོགས་ས་ཁུལ་གྱི་དོ་དམ་སྲུང་སྐྱོང་དང་ཞིང་དུད་ཀྱི་གཙོ་གཟུགས་འགན་འཁྲི་དམ་དུ་གཏོང་བ། རྨོ་ཞིང་ས་རྒོད་དུ་འཇོག་པར་མཐའ་གཅིག་ཏུ་གཏན་འགོག་བྱེད་པ།རྨོ་ཞིང་“ཞིང་མིན་ཅན་དུ་འགྱུར་བ”བཀག་འགོག་ནན་པོ་བྱེད་པ།“འབྲུ་རིགས་མིན་ཅན་དུ་འགྱུར་བ”དོ་དམ་ཚོད་འཛིན་ནན་པོ་བྱེད་པ།རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ས་ཞིང་ལ་གཅེས་སྤྲས་དང་ས་ཞིང་ལ་སྲུང་སྐྱོང་དང་། ས་ཞིང་གསོ་བ། རང་འགུལ་ངང་བསྐྱར་རྨོ་བསྐྱར་འདེབས་བྱེད་པ་བཅས་ལ་ཁྲིད་སྟོན་བྱེད་པ། ཁྱོན་ཡོངས་ནས་གསོག་འབོར་རྨོ་ཞིང་ཐོན་ཁུངས་འཁྲུག་སྤྱོད་དང་། འབྲུ་རིགས་ཐོན་སྐྱེད་ནུས་པ་བརྟན་དུ་གཏོང་བ། རྫོང་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་དང་འབྲུ་རིགས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་སྲུང་བ་བཅས་བྱ་ཆེད་ད་ལྟ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་གྲོགས་པོ་རྣམས་པར་གྲོས་འདོན་ཞུ་རྒྱུ་གཤམ་གསལ།
དང་པོ། སྲིད་ཇུས་མཐའ་ཚད་བརྟན་པོར་བསྲུངས་ནས་རྨོ་ཞིང་བེད་སྤྱོད་ཚད་ལྡན་བྱ་དགོས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆ་དོ་དམ་བཅའ་ཁྲིམས》དང་《འབྲུ་རིགས་བདེ་འཇགས་ཀྱི་འགན་སྲུང་བཅའ་ཁྲིམས》སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རང་རྟོགས་ངང་བརྩི་སྲུང་ཞུ་དགོས་པ་དང་། “རྨོ་ཞིང་ནི་ཞིང་ལས་ཀྱི་ཆེད་དུ་ཡིན་པ་དང་། སྤུས་ཚད་མཐོ་བའི་ཞིང་ས་ལ་འབྲུ་རིགས་འདེབས་དགོས་པའི”བསམ་བློ་བརྟན་པོ་བཅངས་དགོས།
གཅིག། འགྱུར་མེད་ཀྱི་ས་ཞིང་ཐོག“བྱས་མི་ཆོག་པ་བཞི”དོན་འཁྱོལ་ནན་པོར་བྱ་དགོས་ཏེ། གཅིག་ནས་གཏན་འཇག་གི་ས་ཞིང་བཟུང་ནས་ཤིང་འབྲས་འདེབས་འཛུགས་དང་རྫིང་བུ་དྲུས་ནས་ཉ་གསོ་བའི་རིགས་བྱེད་མི་ཆོག གཉིས་ནས་རྨོ་ཞིང་ཐོག་ཤིང་སོན་དང་རྩྭའི་རིགས་སོགས་འདེབས་འཛུགས་བྱས་མི་ཆོགགསུམ་ནས་རྨོ་ཞིང་དྲུས་ནས་མཚེའུ་སོགས་མཛེས་ལྗོངས་དང་སྐྱེད་ཚལ་སོགས་ལ་བསྒྱུར་མི་ཆོག བཞི་ནས་སྒོ་ཕྱུགས་གསོ་སའི་ཕྱུགས་རྭ་དང་ཆུའི་ཐོན་ལས་ཀྱི་གསོ་ཚགས་སོགས་ཞིང་ལས་མིན་པའི་སྒྲིགས་བཀོད་ལ་བསྒྱུར་མི་ཆོག
གཉིས། སྤྱེར་བཏང་རྨོ་ཞིང་ཐད་བྱེད་མི་རུང་བ་ལྔ་ལག་བསྟར་ནན་པོ་བྱེད་དགོས་པ་སྟེ། གཅིག་ནི་རང་མོས་ངང་གང་འདོད་དུ་ཞིང་ས་ལ་གནོད་པའི་རྫིང་བུ་དང་ཆུ་རགས་རྒྱག་མི་རུང་།གཉིས་ནི་གཞི་རྒྱ་ཆེ་བའི་དཔལ་འབྱོར་ནགས་ཚལ་དང་ཤིང་སོན།མེ་ཏོག་སོགས་འདེབས་འཛུགས་བྱེད་མི་རུང་།གསུམ་ནི་ཞིང་ལས་དང་འབྲེལ་མེད་ཀྱི་སྒྲིག་ཆས་སོགས་འཛུགས་སྐྲུན་དང་རྨོ་ཞིང་རང་མོས་ཀྱི་མཁྲེགས་འགྱུར་བྱེད་མི་རུང་།བཞི་ནི་རྨོ་ཞིང་བེད་མེད་དུ་འཇོག་པ་དང་འབྲུ་རིགས་མ་ཡིན་པའི་འདེབས་འཛུགས་བྱེད་མི་རུང་།ལྔ་ནི་རྨོ་ཞིང་སྒྲིགས་འགལ་ངང་བརྒྱུད་སྤྲོད་བྱས་ནས་འབྲུ་རིགས་མིན་པའི་ཐོན་ལས་གཉེར་སྐྱོང་བྱེད་མི་རུང་།
གཉིས་པ། འདེབས་འཛུགས་གྲུབ་ཆ་ཚད་ལྡན་དུ་བཏང་ནས་འབྲུ་རིགས་ཐོན་སྐྱེད་བརྟན་པོ་ཡོང་བ་བྱེད་དགོས།
འགྱུར་མེད་ཀྱི་གཞི་རྩའི་ས་ཞིང་དང་། སྤུས་ཚད་མཐོ་བའི་ས་ཞིང་ལ་ངེས་པར་དུ་ནས་སོགས་འབྲུ་རིགས་གཙོ་བོར་བྱས་ནས་འདེབས་འཛུགས་བྱས་ཏེ།མི་དམངས་ཀྱི་འཚོ་བའི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་མཐའ་གཅིག་ཏུ་བྱ་དགོས།སྤྱིར་བཏང་གི་ཞིང་ཁར་ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་བྱེད་དགོས་པ་དང་། འབྲུ་རིགས་མིན་པའི་ལོ་ཏོག་གང་བྱུང་དུ་རྒྱ་སྐྱེད་གཏོང་བར་ཚོད་འཛིན་ནན་པོ་བྱེད་དགོས་ལ། ཁུལ་ཆེན་པོར་འབྲུ་རིགས་མིན་པའི་ལོ་ཏོག་འདེབས་པ་དང་།རྒྱ་ཁྱོན་ཆེན་པོས་འབྲུ་རིགས་ཐོན་སྐྱེད་མི་བྱེད་པའི་སྣང་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱ་དགོས།
སྒྲིགས་འགལ་ངང་ཞིང་སར་སྔོ་ཚལ་དང་། ཤིང་འབྲས། གཟན་རྩྭ་སོགས་བཏབས་ཟིན་པར་རྒྱ་ཆའི་མང་ཚོགས་ཚོས་སྲིད་ཇུས་ཀྱི་བླང་བྱ་གཞིར་ཟུང་། གོ་རིམ་ལྡན་པའི་སྒོ་ནས་བཅོས་སྒྲིག་དང་སླར་གསོ་བྱས་ཏེ་འབྲུ་རིགས་འདེབས་པའི་ནུས་པ་སླར་གསོ་བྱེད་དགོས་པ་དང་། ས་ཞིང་བཟང་པོར་འབྲུ་རིགས་འདེབས་པའི་རྩ་དོན་སྲུང་འཛིན་བྱ་དགོས།
གསུམ་པ། རྨོ་ཞིང་བེད་མེད་དུ་འཇོག་པར་བཀག་འགོག་གིས་རྨོ་ཞིང་ཐོན་ཁུངས་ཕན་རྒྱུར་བྱེ་དགོས།
ས་ཞིང་ནི་ཞིང་འབྲོག་མང་ཚོགས་རང་ཚུགས་ཐུབ་པའི་རྩ་བའི་འགན་སྲུང་ཡིན་ལ།རྨོ་ཞིང་ཐ་རྒོད་དུ་ལུས་པ་ནི་ཐོན་ཁུངས་ཆུད་ཟོས་སུ་གཏོང་བ་ཞིག་ཡིན་པར་མ་ཟད། རྨོ་ཞིང་སྲུང་སྐྱོང་གི་འབྲེལ་ཡོད་གཏན་འབེབས་ནས་འགལ་བ་ཞིག་རེད། མང་ཚོགས་རྣམས་ཀྱིས་རང་ཁྱིམ་གྱི་ཞིང་ཁ་དེ་དག་ལ་དོ་དམ་དང་འདེབས་འཛུགས་ཡག་པོ་བྱས་ཏེ། ས་ཞིང་བེད་མེད་དུ་ལུས་པའི་སྣང་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱ་དགོས། གལ་ཏེ་རང་ཉིད་ཀྱིས་འདེབས་འཛུགས་བྱེད་པའི་ངལ་ནུས་མེད་ན་ཞིང་ཁ་དེ་དག་ཁྲིམས་མཐུན་གྱི་སྒོ་ནས་གཞན་ལ་བོགས་མར་བཏང་ནས་འདེབས་འཛུགས་དང་དོ་དོམ་བྱ་རྒྱུར་མངགས་པ་དང་། ཁྱིམ་ཚང་མཉམ་འབྲེལ་གྱིས་གཉེར་སྐྱོང་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ལུགས་མཐུན་གྱི་གཉེར་སྐྱོང་བྱ་དགོས། འོན་ཀྱང་བརྒྱུད་རིམ་ཁྲོད་རྨོ་ཞིང་གི་རང་བཞིན་ལ་འགྱུར་བ་གཏོང་བ་དང་། ཞིང་ལས་མིན་པའི་འཛུགས་སྐྲུན་བྱེད་པ།འབྲུ་རིགས་མིན་པའི་འདེབས་འཛུགས་བྱེད་པ་བཅས་མཐའ་གཅིག་ཏུ་བཀག་འགོག་བྱ་དགོས། ཤང་གྲོང་རྡལ་དང་གྲོང་ཚོ་སྡེ་ཁུལ་ཁག་དང་།ལྷག་པར་དུ་ཞིང་ཁ་སྲུང་སྐྱོང་མི་སྣས་ངེས་པར་དུ་རྨོ་ཞིང་བེད་མེད་དུ་ལུས་པའི་གནས་ཚུལ་ལ་གྲས་བཤེར་ལྟ་སྐུལ་དང་བཅོས་སྒྲིག་བྱེད་དགོས།ཡུན་རིང་འདེབས་མཁན་མེད་པ་དང་རྐང་བཙུགས་ནས་ཐ་རྒོད་དུ་སྐྱུར་བའི་རྨོ་ཞིང་ལ་ཁྲིམས་དང་སྒྲིགས་སྲོལ་ལྟར་ཐག་གཅོད་བྱེད་དགོས།
བཞི་པ། རང་འགུལ་ངང་རང་བཤེར་བཅོས་སྒྲིགས་བྱས་ཏེ་ཁྲིམས་སྲུང་གི་མཐའ་ཚད་བརྟན་སྲུང་བྱེད་དགོས།
རྨོ་ཞིང་གི་དམར་ཐིགས་ནི་འགྱུར་མེད་ཀྱི་མཐའ་ཚད་ཡིན་པས་ནམ་ཡང་བརྒལ་དུ་མི་རུང་བ་སྟེ། ལས་ཁུངས་གང་ཞིག་དང་མི་སུ་ཞིག་གིས་ཀྱང་རང་འདོད་ལྟར་རྨོ་ཞིང་གི་རིགས་དང་། འདེབས་འཛུགས་ཀྱི་རང་བཞིན་གཏན་ནས་བསྒྱུར་མི་ཆོག་ལ། ས་ཞིང་བརྒྱུད་སྤྲོད་ལ་ཁ་གཡར་ནས་འབྲུ་རིགས་མ་ཡིན་པའི་འདེབས་འཛུགས་གཏན་ནས་བྱས་མི་ཆོག སྒྲིག་འགལ་ངང་རྨོ་ཞིང་བཙན་བཟུང་དང་། རྨོ་ཞིང་གི་སྤྱོད་སྒོ་བསྒྱུར་བར་ངེས་པར་དུ་དུས་བཀག་ནང་བཅོས་སྒྲིག་དང་ཡང་འདེབས་བསྐྱར་འཛུགས་བྱ་དགོས།བཅོས་སྒྲིག་མི་བྱེད་པ་དང་སྒྲིག་ལམ་ནས་འགལ་ནས་ཞིང་མིན་ཅན་དང་འབྲུ་མིན་ཅན་བཅས་ཀྱི་བྱ་སྤྱོད་ཐོན་རིགས་ལ། འབྲེལ་ཡོད་ཁྲིམས་འཛིན་སྡེ་ཁག་གིས་ཁྲིམས་ལྟར་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱ་ཏེ། རྨོ་ཞིང་སྲུང་སྐྱོང་གི་འགྱུར་བ་མེད་པའི་སྒྲིག་ལམ་མཐའ་གཅིག་ཏུ་བརྟན་སྲུང་བྱ་དགོས།
ལྔ་པ། འབྲུ་རིགས་སྲུང་སྐྱོང་བྱེད་པར་རང་འགུལ་ངང་ཞུགས་ནས་འབྲུ་རིགས་ཀྱི་བདེ་འཇགས་འགོག་རགས་བརྟན་པོ་སྐྲུན་དགོས།
རྨོ་ཞིང་སྲུང་སྐྱོང་བྱ་རྒྱུའི་འགན་འཁྲི་མི་ཚང་མར་ཡོད་ཅིང་། ཞིང་བཟང་སྲུང་སྐྱོང་ཡག་པོ་བྱས་ན་ཁྱིམ་ཚང་ཚང་མར་ཕན་ཐོགས་ཡོད།རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ཀྱིས་“དཔལ་འབྱོར་ལ་མཐོང་ཆེན་དང་འབྲུ་རིགས་ལ་མཐོང་ཆུང་”བྱེད་པའི་མིག་རྒྱང་ཐུང་བའི་བསམ་བློ་དོར་ནས།ཕུགས་ཀྱི་རྩིས་རྒྱག་པ་དང་འགན་འཁྲིའི་ལས་ཀ་ཡག་པོ་སྒྲུབ་དགོས། རྨོ་ཞིང་སྲུང་སྐྱོང་ཀྱི་སྲིད་ཇུས་ལ་རང་འགུལ་ངང་སློབ་སྦྱོང་བྱེད་པ་དང་། སྒྲིག་འགལ་གྱིས་ས་ཆ་བཟུང་བ་དང་འབྲུ་རིགས་མིན་པའི་འདེབས་འཛུགས་བྱེད་པའི་བྱ་སྤྱོད་སྣ་ཚོགས་ལ་རང་རྟོགས་ངང་ངོ་རྒོལ་བྱེད་པ།ཤང་གྲོང་རྡལ་དང་གྲོང་ཚོ་སྡེ་ཁུལ་ཁག་གིས་རྨོ་ཞིང་ཐ་རྒོད་དུ་ལུས་པའི་གནས་ཚུལ་གྲལ་བཤེར་དང་། བཅོས་སྒྲིག་སྐྱར་འདེབས། ཞིང་ཁའི་དོ་དམ་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་གཞོགས་འདེགས་བྱེད་པ། ཁྲིམས་འགལ་གྱིས་ཞིང་ས་བཟུང་བ་དང་། ཞིང་ཁར་གཏོར་སྐྱོན་གཏོང་བ།སྒྲིག་འགལ་གྱིས་འབྲུ་རིགས་མིན་པའི་འདེབས་འཛུགས་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་རང་འགུལ་ངང་ལྟ་སྐུལ་དང་ཐེར་འདོན་བཅས་བྱས་ཏེ། རྩ་ཆེའི་ཞིང་ཁའི་ཐོན་ཁུངས་མཉམ་དུ་སྲུང་སྐྱོང་བྱེད་དགོས།
ས་ཞིང་བཟང་པོ་བེད་མེད་དུ་འཇོག་མི་རུང་བ་དང་། རྨོ་ཞིང་ས་རྒོད་དུ་འཇོག་མི་རུང་། རྨོ་ཞིང་སྲུང་སྐྱོང་དང་། ས་ཞིང་ལེགས་པོ་འདེབས་པ།ས་རྒོད་གཏན་འགོག་བཅས་བྱ་རྒྱུ་ནི་ཞིང་འབྲོག་དུད་ཚང་ཚང་མའི་འགན་འཁྲི་དང་འོས་འགན་ཡིན།རྒྱ་ཆེའི་ཞིང་འབྲོག་གྲོགས་པོ་རྣམས་ཀྱིས་རང་འགུལ་ངང་རགས་ལས་རྨོ་འདེབས་དང་བེད་མེད་དུ་འཇོག་པའི་གོམས་གཤིས་ངན་པ་དོར་ནས་རང་ཁྱིམ་གྱིས་འགན་གཙང་ལེན་པའི་ས་ཞིང་ལ་རང་འགུལ་ངང་དོ་དམ་ཡག་པོ་བྱས་ཏེ་འདེབས་ཐུབ་པ་དང་འདེབས་དགོས་པ་ཚང་མ་འདེབས་ཐུབ་པ་དང་། ཁྲིམས་ལྟར་ས་ཞིང་འཁོར་རྒྱུག་ཚད་ལྡན་དུ་གཏོང་བ།ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་འཛུགས་བྱེད་པ་བཅས་བྱས་ཏེ་རྨོ་ཞིང་“ཞིང་མིན་ཅན་དུ་འགྱུར་བར”མཐའ་གཅིག་ཏུ་བཀག་འགོག་དང་“འབྲུ་རིགས་མིན་ཅན་དུ་འགྱུར་བར”སྔོན་འགོག་ནན་པོ་བྱས་ཏེ་རྨོ་ཞིང་གི་དམར་ཐིག་དང་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཐིག་བརྟན་པོ་སྲུང་དགོས་།
རྨོ་ཞིང་སྲུང་སྐྱོང་ལས་དོན་དེ་ཚང་མའི་བསམ་ཤེས་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་དང་ཁ་འབྲལ་ཐབས་མེད་པས།ང་ཚོས“རྒྱལ་ཁབ་ཀྱི་དོན་ཆེན་”སེམས་ལ་བཅངས་ནས་ལག་གདང་སྦྲེལ་ནས་བ་དང་སེམས་ཤུགས་གཅིག་སྒྲིལ་། ས་སྲུང་འགན་འཁྲི་སྒྲུབ་པ། ས་གཤིན་གཏིང་ཟབ་རྨོ་བ། འབྲུ་རིགས་ཐོན་འབབ་བརྟན་པོས་ཡོང་འབབ་འཕར་བ།རྩ་ཆེའི་རྨོ་ཞིང་ཐོན་ཁུངས་ལ་ཐུན་མོང་ཐོག་གཅེས་སྤྲས་དང་སྲུང་སྐྱོང་།འབྲུ་རིགས་བདེ་འཇགས་ཀྱི་སྲོག་རྩ་བརྟན་པོ་སྲུང་བ་བཅས་བྱས་ཏེ་ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱ་དགོས་།
གོང་དཀར་རྫོང་ཞིང་ལས་གྲོང་གསེབ་ཅུད་ནས།
