山南市人民政府
今天是: 2018年9月10日 星期一
当前位置: 首页>互动交流 > 回应关切

贡嘎县汛期防汛安全提示

2026-07-20 17:00:06 来源:贡嘎县应急管理局

为切实保障广大群众生命财产安全,现就汛期防汛安全作出提示,请大家认真收听,并相互转告。

我县6月至9月为主汛期,强降雨、山洪、滑坡风险较高。

全体村民要主动关注气象预警信息,防范暴雨、山洪灾害。

雷雨天气远离大树、电线杆、高地,做好居家防雷。

居住河边、低洼、山坡、地质灾害隐患点的群众,熟记转移路线。发现洪水、泥石流或收到撤离指令,必须第一时间有序转移,不滞留、不恋财。

汛期严禁下河涉水、捕鱼、游玩,严禁强行通过漫水路段、过水桥面,严防溺水和山洪遇险。

        


    贡嘎县应急管理局

     2026年6月29日



附件:藏文版

གོང་དཀར་རྫོང་གི་འབྲུབ་འགོག་བདེ་འཇགས་དྲན་སྐུལ།

རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་ཞུ་ཆེད་ད་ལྟ་འབྲུབ་འགོག་བདེ་འཇགས་སྐོར་གྱི་བདེ་འཇགས་དྲན་སྐུལ་ཞུ་རྒྱུ་ཡིན་པས་ཚང་མས་ནན་ཏན་ངང་གསན་ནས་ཕན་ཚུན་བརྒྱུད་བསྒྲགས་གང་མང་གནང་རོགས།

སྤྱི་ཟླ་6ནས་སྤྱི་ཟླ་9བར་རང་རྫོང་དུ་ཆར་ཤོད་ཆེ་ཤོས་ཀྱི་དུས་ཚོད་ཡིན་པས་ཆར་པ་ཆེན་པོ་འབབ་པ་དང་ཆུ་ལོག་ཐོན་པ། གད་སྡིབ་རྒྱག་པ་སོགས་ཀྱི་ཉེན་ཁ་ཆེན་པོ་ཡོད།

ཡུལ་མི་ཡོངས་ཀྱི་རང་འགུལ་ངང་གནམ་གཤིས་སྔོན་བརྡའི་ཆ་འཕྲིན་ལ་དོ་འཁུར་གནང་ནས་དྲག་ཆར་དང་ཆུ་ལོག་གནོད་འཚེ་འགོག་ཐབས་བྱེད་དགོས།

འབྲུག་ཆར་འབབ་པའི་གནམ་གཤིས་ཁྲོད་དུ་ཤིང་སྡོང་དང་གློག་ཤིང་སོགས་ལས་རྒྱང་ཐག་རིང་པོར་གཡོལ་དགོས་པ་མ་ཟད་མཐོ་སར་བསྡོད་མི་རུང་བས་ཁང་པའི་ནང་དུ་བསྡད་ནས་ཐོགས་ཀྱི་གནོད་འཚེར་འགོག་ཟོན་བྱེད་དགོས།

ཆུ་འགྲམ་དང་ས་གཤོང་། རི་སྟེང་། ས་གཤིས་གནོད་འཚེའི་ཉེན་ཁའི་ཁུལ་བཅས་ཀྱི་ཉེ་འཁོར་དུ་འཚོ་བསྡོད་བྱེད་མཁན་མང་ཚོགས་ཀྱིས་ཉེན་གཡོལ་ལམ་ཐིག་གསལ་པོ་ཤེས་རྟོགས་བྱེད་དགོས།   

ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཐོན་པའམ་ཕྱིར་འཐེན་ཉེན་གཡོལ་གྱི་བཀའ་རྒྱ་འབྱོར་ཚེ་འཕྲལ་དུ་གོ་རིམ་ལྟར་ཕྱིར་འཐེན་བྱེད་དགོས་པ་ལས་རང་སར་བསྡོད་མི་ཆོག་པ་དང་རྒྱུ་ནོར་ལ་ཞེན་ཆགས་བྱེད་མི་རུང་།

ཆར་ཤོད་ཆེ་བའི་དུས་ཚོད་ནང་ཆུ་འགྲམ་དུ་བསྐྱོད་པ་དང་ཉ་འཛིན་པ།ཆུ་རྐྱལ་རྒྱག་པ་སོགས་ཀྱི་རིགས་རྩ་བ་ནས་བྱས་མི་ཆོག ཆུ་འཁྱིལ་བའི་ལམ་བརྒྱུད་དང་ཟམ་པའི་སྟེང་དུ་ཨུ་ཚུགས་ཀྱི་འགྲོ་བསྐྱོད་བྱས་མི་ཆོག ཆུར་ལྷུང་བའི་ཉེན་ཁ་དང་ཆུ་ལོག་གནོད་འཚེ་ནན་འགོག་བྱེད་དགོས། 



 གོང་དཀར་རྫོང་འཕྲལ་རྐྱེན་མྱུར་སེལ་དོ་དམ་ཅུད།    

 2026ལོའི་ཟླ་6པའི་ཚེས་29ཉིན།       


扫一扫在手机打开当前页